གུང་གསེང་རིང་ལས་གནས་བརྟན་སྲུང་བྱེད་པའི་མི་སྣ་དག་ལ་གུས་འདུད་ཞུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་གྲོང་མི་ལ་ལས་ཁྱིམ་དུ་ངལ་གསོ་རྒྱབ་པ་དང་ལ་ལས་ག་ས་གང་དུ་འཆམ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་མི་ཚོགས་འདི་འདྲ་ཞིག་གིས་ངལ་གསོའི་དུས་ཚོད་དོར་ནས་སྔར་བཞིན་རང་ཉིད་ཀྱི་ལས་གནས་ཐོག་འབད་འཐབ་བྱས་ཡོད།

        རྒྱལ་སྟོན་གུང་གསེང་རིང་།འོ་མ་མཚོ་སྣོད་བཅུད་འདམ་རའི་སྤྱི་གླིང་གི་ཨར་སྐྲུན་བྱ་ཡུལ་གྱི་བཟོ་པ་ཚོས་བྱེ་མ་འདིང་བ་དང་།སོ་ཕག་བརྩིགས་པ་སོགས་བྱས་ནས་ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག གུང་གསེང་རིང་སྤྱི་གླིང་འཛུགས་སྐྲུན་དཔུང་ཁག་གིས་ངལ་གསོ་མི་རྒྱག་པར་རྣམ་གྲངས་འཛུགས་སྐྲུན་ལ་སྤུས་ཚད་འགན་ལེན་དང་མྱུར་ཚད་མགྱོགས་སུ་གཏོང་བཞིན་ཡོད་པ་རེད།

        རྒྱལ་སྟོན་གུང་གསེང་རིང་།སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་གྱི་ཨར་སྐྲུན་བྱ་ཡུལ་གྱི་ལས་བཟོ་བ་ཚོས་ལས་གནས་བརྟན་སྲུང་བྱས་ནས་ལས་གྲྭ་དུས་ཐོག་ཏུ་ལེགས་སྒྲུབ་བྱ་རྒྱུར་བརྩོན་ལེན་བྱས་པ་རེད།

        རྒྱལ་སྟོན་རིང་སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་དང་།སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་།ཁུལ་མི་དམངས་སྨན་ཁང་སོགས་མི་སྣ་འདུ་འཛོམས་མང་བའི་ས་ཆར།ལས་དོན་མི་སྣས་རང་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ལྟར་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་མཁན་ལ་ཁ་རས་རྒྱག་པ་དང་།རྩ་གཉིས་ཨང་རྟགས་བཤེར་བ།དྲོད་ཚད་འཇལ་བ་སོགས་ལ་ཁྲིད་སྟོན་བྱས་པ་རེད།

    གཞན་ཡང་ད་དུང་ཁོར་ཡུག་གཙང་སྦྲ་བ་དང་།འཕྲོད་བསྟེན་གྲོང་ཁྱེར་གཏོད་མཁན།སྨན་བཅོས་མི་སྣ།འགྲིམ་འགྲུལ་ཉེན་རྟོག་པ་སོགས་ལས་རིགས་སྣ་ཚོགས་ཀྱི་ལས་དོན་མི་སྣས་གུང་གསེང་རིང་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཡོད་པས།ཁོང་ཚོར་སྙིང་ཐག་པ་ནས་གུས་འདུད་ཞུས་པ་ཡིན།