བྱུ་རུའི་མེ་ཏོག་གངས་ལྗོངས་མཐོ་སྒང་དུ་འགྲེམས་སྟོན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-02   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

1310216786_16328826701031n.jpg

པར་འདི་ནི་བོད་རིགས་ཀྱི་བྱིས་པ་ཚོས་བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་བྱུ་རུའི་མེ་ཏོག་ལ་ལྟ་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་གིས་ཀྲེ་ཅང་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་སྤུས་ལེགས་བྱུ་རུའི་མེ་ཏོག་འགྲེམས་སྟོན་བྱས་ཏེ། རྒྱ་མཚོ་དང་ལེ་དབར་ཁྲི་ཕྲག་ཆོད་པའི་མཐོ་སྒང་མི་དམངས་ལ་ཐག་ཉེ་ས་ནས་བྱུ་རུའི་མེ་ཏོག་ལ་ལྟ་བའི་གོ་སྐབས་སྐྲུན་ཡོད། བྱུ་རུ་དང་འགྲོན་བུའི་རིགས200ལྷག་གི་ཐོན་རྫས་ཀྱིས་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་། བྱུ་རུའི་ཐོན་རྫས་ནི་བཀྲ་ཤིས་པ་དང་རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་མཚོན་རྟགས་སུ་བརྩི་བ་དང་། དེ་ནི་བོད་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་རྒྱན་ཆ་ཞིག་ཡིན།

1310216786_16328826701971n.jpg

པར་འདི་ནི་བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པའི་བྱུ་རུའི་མེ་ཏོག་རེད།

1310216786_16328826702591n.jpg

པར་འདི་ནི་བྱུ་རུའི་རྒྱན་སྤྲས་པའི་འབྲི་གཡག་གི་རྭ་རེད།