རྒྱལ་སྟོན་གྱི་ཉིན་དང་པོར་སེམས་ཀྱི་ཉི་ཟླ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་1ཉིན་གྱི་སྔ་དྲོ།སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་གླུ་གར་གྱི་གསོལ་སྟོན་བཤམས་ནས།ག་ས་གང་དུ་འཁྲུག་ཆ་དོད་ཅིང་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་ཡོད།རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་ངང་གཉེར་བ་རེད།

        ཉིན་དེའི་སྔ་དྲོར་རྒྱལ་ཐང་སྐོར་བྲོ་དང་།འཇོལ་གཞས།ལི་སུའུ་རིགས་ཀྱི་ཨ་ཁྲི་མུའུ་ཀྭ།འཇང་རིགས་ཀྱི་ཨ་ལི་ལི་བཅས་རུ་སྟར་གྲུ་བཞི་ལས་གྲུབ་པའི་ཞབས་བྲོས་ཚོགས་ར་ཡོངས་སུ་དགའ་སྤྲོའི་རྣམ་པ་ཁེངས་སུ་བཅུག། རྒྱ་ཆེའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་གྲོང་མི་གཅིག་རྗེས་གཉིས་མཐུད་ངང་འགྲེམས་འཁྲབ་དཔུང་ཁག་ནང་ཞུགས་ཏེ་ལག་གདང་སྦྲེལ་ནས་དགའ་སྤྲོའི་ཞབས་བྲོ་འཁྲབ་པ་དང་མཐུན་སྒྲིལ་ཞི་མཐུན་གྱི་རྣམ་པས་ཁེངས་ཡོད།