བདེ་ཆེན་གྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྤྱི་མཆོད་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་30ཉིན།  བདེ་ཆེན་ཁུལ་གྱི་རྫོང་དང་གྲོང་ཁྱེར་གསུམ་གྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་པའི་སྤྱི་མཆོད་བྱེད་སྒོ་སྤེལ་ནས་སྔོན་གཤེགས་དཔའ་བོ་ལ་རྗེས་དྲན་དང་མྱ་ངན་བྱས་པ་དང་། འདས་པོའི་ཕུགས་འདུན་རྒྱུན་འཛིན་དང་སྔོན་གཤེགས་དཔའ་བོ་ལ་དྲན་གསོ་ཞུས་པ་རེད།

        སྔ་དྲོའི་ཆུ་ཚོད་9པར་ཁུལ་དང་གྲོང་ཁྱེར་གྱི་ཚན་པ་ཁག་གི་འཐུས་མི་དང་།བཅའ་སྡོད་དཔུང་སྡེ།མེ་ཟོན་སྡེ་ཚན་གྱི་འཐུས་མི། སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི།དམག་དཔུང་གི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་འཐུས་མི།ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི།སྤྱི་བདེའི་ལས་བྱེད་ཉེན་རྟོག་པའི་འཐུས་མི།དགེ་སློབ་ཀྱི་འཐུས་མི་སོགས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོར་སྤྱི་མཆོད་བྱེད་སྒོ་སྤེལ་བ་དང་། སྤྱི་མཆོད་བྱེད་སྒོར་ཞུགས་མཁན་ཡོངས་ཀྱིས་གུས་སྟབས་ཀྱིས་ལངས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ》བླངས་པ་དང་། ཚོགས་མི་ཡོངས་ཀྱིས་ཞྭ་མོ་ཕུད་དེ་གུས་སྟབས་ཀྱིས་ལངས་ནས་གཡུལ་འགྱེད་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་དང་། རྒྱལ་ཐང་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་ཁག་གིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པ་ཕུལ་བ་དང་། དྲག་ཆས་ཉེན་རྟོག་གུས་དམག་གིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་འཕུལ་བ་རེད། 

        འཇོལ་རྫོང་གི་ཚན་ཁག་བཞིའི་འགོ་ཁྲིད་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། ལས་འཁྱུར་ངལ་གསོ་བྱེད་པའི་འགོ་འཁྲིའི་འཐུས་མི། སྤྱི་བདེའི་ལས་བྱེད་ཉེན་རྟོག་པའི་འཐུས་མི།དགེ་སློབ་ཀྱི་འཐུས་མི་སོགས་སྤྱི་མཆོད་བྱེད་སྒོར་ཞུགས་པ་དང་།  ཚང་མས་སྔོན་གཤེགས་དཔའ་བོ་དག་ལ་གུས་འདུད་ཞུས་པ་དང་མེ་ཏོག་ཕུལ་བ་སོགས་བྱས་ནས་སྔོན་གཤེགས་དཔའ་བོ་དག་ལ་མྱ་ངན་ཞུས་པ་མ་ཟད་བླ་ན་མེད་པའི་གུས་སེམས་མཚོན་པར་བྱས་པ་རེད།

        ཉིན་དེར།  འབའ་ལུང་རྫོང་སྔོན་གཤེགས་དཔའ་བོའི་བང་སོར་སྤྱི་མཆོད་བྱེད་སྒོ་སྤེལ་ཏེ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་རྗེས་དྲན་ཟབ་མོ་བྱས་པ་དང་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་བ་མ་ཟད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དག་གིས་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱས་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་བཅས་བྱས་ནས་སྤུས་ཚད་མཐོན་པོའི་ངང་དུས་རབས་གསར་པའི་འབའ་ལུང་གསར་པའི་ལེའུ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་རེད།