བདེ་ཆེན་གྱི་གཙོ་གནད་རྣམ་གྲངས་14གཅིག་སྡུད་ཐོག་ལས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་9ཚེས་29ཉིན་གྱི་ཕྱི་དྲོ་བདེ་ཆེན་ཁུལ་རྫ་ཆུའི་རྫ་ནུབ་དང་སེམས་ཀྱི་ཉི་ཟླའི་གྲོང་མཁར་ཤར་གྱི་མཐའ་འཁོརདུས་ཐེངས་གཉིས་པགཞུང་ལམ་སོགས་གཙོ་གནད་རྣམ་གྲངས་14གཅིག་སྡུད་ཐོག་ལས་འགོ་འཛུགས་པའི་མཛད་སྒོ་སེམས་ཀྱི་ཉི་ཟླར་འཚོགས་པ་རེད།

རྫ་ཆུའི་རྫ་ནུབ་དང་སེམས་ཀྱི་ཉི་ཟླའི་གྲོང་མཁར་ཤར་གྱི་མཐའ་འཁོརདུས་ཐེངས་གཉིས་པགཞུང་ལམ་སོགས་གཙོ་གནད་རྣམ་གྲངས་14ལ་ཁྱོན་བསྡོམས་མ་དངུལ་སྒོརདུང་ཕྱུར་31བཏང་ཡོད།    གྲོང་ཁྱེར་དོ་དམ་ལས་དོན་དང་། ཆུ་བེད།  སྨན་ཁང་།  རིག་གནས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་སེམས་ཀྱི་ཉི་ཟླའི་ནུས་པ་ཆེ་རུ་གཏོང་བའི་དགོས་མཁོ་ཞིག་རེད། གཙོ་གནད་རྣམ་གྲངས་14དེ་དག་འཛུགས་སྐྲུན་བྱས་པ་དེས་རང་ཁུལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་རེད།    

ད་ཐེངས་གཅིག་སྡུད་ཐོག་ལས་འགོ་ཚུགས་པའི་གཙོ་གནད་རྣམ་གྲངས་བཅུ་བཞི་ནི།     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་གྱི་མཐའ་སྐོརདུས་ཐེངས་གཉིས་པལས་གྲྭ།     རྫ་ཆུའི་རྫ་ནུབ་གཞུང་ལམ་གྱི་དུས་ཐེངས་གཉིས་པ།     བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གི་མཁའ་འགྲུལ་ས་ཚིགས་ཁུལ་གྱི་ཆུ་མཁོ་འདོན་སྒྱུར་བཀོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས།    བདེ་ཆེན་ཁུལ་གྱི་རིག་གནས་ཐོན་ལས་རྟེན་གཞི་བསྐྱར་སྐྲུན་དང་རྒྱས་སྐྲུན་རྣམ་གྲངས།     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱི་ཕན་རང་བཞིན་གྱི་སྤྱི་པའི་བང་སོ།      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ལས་ངེས་མེད་སྦགས་བཙོག་བཅོས་སྒྲིག་རྣམ་གྲངས།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞོ་རྡོ་སྒང་ཆུ་སྟག་མཆོང་གྲོག་རོང་ལམ་དུམ་གྱི་དུས་ཐེངས་གཉིས་པའི་བཅོས་སྐྱོང་ལས་གཞི།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞོལ་ཅི་ཕིང་ཟངས་གཏེར་གྱི་ས་ངོས་ཀྱི་གཏེར་ཁ་སྔོག་འདོན་ས་དོང་སླར་གསོ་བཅོས་སྒྲིག་རྣམ་གྲངས།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་བཅོས་སྤྱི་གཟུགས་ཆ་འཕྲིན་ཅན་འཛུགས་སྐྲུན་རྣམ་གྲངས།    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཕུར་རྟའི་ཁུལ་ཆུང་འཛུགས་སྐྲུན་རྣམ་གྲངས།   འཇོལ་རྫོང་ཧུང་ཕོ་ཆུ་བོ་དང་གཡག་རྭ་གཡང་ཆུའི་བཅོས་སྐྱོང་ལས་གྲྭ།   འབའ་ལུང་རྫོང་ཧྲུན་ཁྲེང་ལྷོ་ལམ་གྱི་འཕེལ་འགྲིབ་རྣམ་པའི་ལངས་གཟུགས་རླངས་འཁོར་འཇོག་ས།     འབའ་ལུང་རྫོང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་འཛུགས་སྐྲུན་རྣམ་གྲངས།    འབའ་ལུང་རྫོང་ཤིང་ཝུའེ་ལྷོ་ལམ་གྱི་ཕྱོགས་བསྡུས་རླངས་འཁོར་འཇོག་ས་བཅས་ཡིན།