​དངོས་པོ་འདི་གསུམ་ཟས་ན་ལུས་པོས་བཟོད་མི་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 རང་རྒྱལ་གྱི་གཅིན་སྙི་ཟགས་ཁུའི་ནད་ཀྱི་མི་གྲངས་དང་།  ཚོ་གསོག་པའི་མི་གྲངས།   སྙིང་གི་ཁྲག་རྩ་འཕར་བའི་མི་གྲངས། གྲིབ་ནད་ཕོག་པའི་མི་གྲངས་བཅས་ནི་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།  སྣང་ཚུལ་དེ་དག་ཐོན་པའི་ཐུན་མོང་གི་རྒྱུ་རྐྱེན་ནི་བཟའ་བཏུང་གི་གྲུབ་ཆ་ལུགས་དང་མི་མཐུན་པ་དང་དུས་ཡུན་རིང་པོའི་ནང་མངར་ཆ་མང་བ་དང་།ཚྭ་མང་བ། ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས་མཐོ་བ་བཅས་ལ་དགའ་པོ་ཡོད་པས་རེད།


     གཅིག    ཚྭ་ཟ་རྒྱུ་མང་དྲག་པ།   

       ཚྭ་ནི་འཚོ་བར་ངེས་པར་མཁོ་བའི་བྲོ་རྫས་ཤིག་ཡིན་པའི་ཆ་ནས།   ང་ཚོས་ཟ་མ་ལས་དུས་ཅིས་ཀྱང་བཀོལ་དགོས།  ཚྭ་ཡི་གྲུབ་ཆ་གཙོ་བོ་ནཱ་ཡིན། ཚྭ་ཡིས་ལུས་པོའི་ནང་གི་གློ་འབྱེད་རྫས་དོ་མཉམ་དང་།    རྙིང་ཚབ་གསར་བརྗེ་བྱེད་པ།  དབང་རྩ་དང་ཕུང་བོའི་རྩོལ་ནུས་སྙོམ་སྒྲིག་བྱེད་པར་རོགས་བྱེད་ཀྱི་ཡོད།   རྒྱུན་ལྡན་གྱི་ངོས་ནས་བཤད་ན།  ཉིན་རེར་ཚྭ་ཁེ་5བསྡུ་ལེན་བྱས་ན་ལུས་པོར་ཕན་པ་ཡོད།     འོན་ཀྱང་མི་མང་པོ་ཞིག་ལ་ཚྭ་མང་པོ་སྤྱོད་པའི་འཚོ་བའི་གོམས་གཤིས་ཡོད་པ་དང་།    ཚྭ་མཐོ་བའི་འཚོ་བ་དེ་རིགས་ལས་ཀལ་ཉམས་པ་དང་། ཁྲག་ཤེད་མཐོ་བ།མཆིན་པ་དང་མཁལ་མ་སོགས་ཀྱི་དབང་བོར་གནོད་སྐྱོན་ཕོག་ནས་སྙིང་ཀླད་ཁྲག་རྩའི་ནད་དང་ཕོ་བའི་སྐྲན་ནད་སོགས་ཀྱི་ཉེན་ཁ་ཐོན་གྱི་ཡོད།


    གཉིས། སྣུམ་ཟ་རྒྱུ་མང་དྲག་པ། 

     ཟ་མ་ནི་སྣུམ་དང་འབྲལ་ཐབས་མེད་ཅིང་།    མི་མང་ཤོས་ཀྱིས་སྣུམ་མང་ན་ཟ་མ་ཞིམ་པའི་སྣང་བ་ཞིག་ཚོར་གྱི་ཡོད།  མི་མང་པོར་ཟ་མ་གཡོ་སྦྱོར་བྱེད་དུས་སྣུམ་མང་པོ་ལྡུག་པའི་གོམས་གཤིས་ཡོད་ཅིང་།   ཡུན་རིང་དུ་སྣུམ་ཅན་ཟོས་ན་ལུས་པོས་བཟོད་མི་ཐུབ།   བཟའ་བཏུང་མང་པོའི་ཁྲོད་དུ་སྣུམ་གྱི་ཚ་ཚད་ནི་ཆེས་ཆེ་བ་ཡིན།   སྣུམ་ཟ་རྒྱུ་མང་སོང་ན་ཚོ་གསོག་པ་དང་ཚོ་གསོག་པ་དང་བསྟུན་ནས་བྱུང་བའི་ནད་རིགས་སྣ་ཉི་ཤུ་ལྷག་ཐོན་གྱི་ཡོད།   བདེ་ཐང་བསམ་མཁན་ཞིག་ཡིན་ཚེ།   རབ་ཡིན་ན་སྣུམ་ཁེ25ནས30ཟོས་པས་ཆོག་ལ།  ཟ་མ་གཡོ་སྦྱོར་བྱེད་དུས་སྣུམ་ཉུང་ཙམ་ལྡུག་པར་ཡིད་གཟབ་བྱེད་དགོས།  

     གསུམ།  ཀ་ར་དང་མངར་ཆའི་རིགས་མང་པོ་ཟ་བ།    

     འོས་འཚམས་ཀྱིས་ཀ་ར་ཟོས་ན་ནུས་ཚད་ཁ་གསབ་བྱེད་ཐུབ་ལ།  ཁྲག་ཧྭགས་དམའ་བར་སྔོན་འགོག་བྱེད་ཐུབ་པས། ལུས་སྟེང་གི་ལུས་ཆུ་ཤོར་བ་སྔོན་འགོག་བྱེད་ཐུབ།     འོན་ཀྱང་ཀ་ར་དང་མངར་ཆའི་རིགས་ཚད་མེད་དུ་ཟོས་ན་མི་ཆོག་སྟེ།   དེ་ནི་སྣུམ་དང་འདྲ་བར་ལུས་པོ་ཚོ་གསོག་པ་མ་ཟད།    ད་དུང་སོ་ལའང་གནོད་པ་དང་།    འཚོ་བཅུད་བསྡུ་ལེན་བྱེད་ཚད་ཇེ་དམའ་རུ་བཏང་སྟེ།   གཅིན་པ་མངར་འགྱུར་གྱི་ནད་འབྱུང་དུ་འཇུག་པ་དང་།    ཐ་ན་ཚེ་སྲོག་ཇེ་ཐུང་དུ་གཏོང་བ་ཡིན།     

      འཚོ་བཅུད་པས་ཉིན་གཅིག་ལ་ཀ་ར་ཟ་རྒྱུའི་ཚད་ནི་ཁེ30ལས་བརྒལ་མི་རུང་བར་བཤད་ཡོད།