སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་ལམ་ཡོངས་སུ་ཤར་གཏོང་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟྒའི་བོད་ཡིག་དྲ་བ།

ཟླ་9ཚེས་29ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་བདེ་ཆེན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་G0613  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་བེད་སྤྱོད་ཤར་གཏོང་ཐུབ་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་ཞབས་ཞུ་ཁུལ་ནས་བསྡུས་པ་རེད།    རྒྱ་ཆེའི་ལས་བྱེད་དང་མང་ཚོགས་རྣམས་དགའ་སྤྲོའི་ངང་གཞི་གཅིག་ཏུ་འཛོམས་ནས་བདེ་ཆེན་ས་མཐོ་མྱུར་བགྲོད་གཞུང་ལམ་གྱི་དུས་རབས་སུ་སླེབས་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེར་ཐུན་མོང་ཐོག་བདེན་དཔང་པོ་བྱས་ཡོད།     

     ཤེས་རྟོགས་བྱུང་བར་གཞིགས་ན།སེམས་ཀྱི་ཉི་ཟླ་ནས་ས་དམ་མྱུར་བགྲོད་གཞུང་ལམ་ནི་པེ་ཅིང་ནས་བོད་ཀྱི་མྱུར་བགྲོད་གཞུང་ལམ་ཁྲོད་ལས་ཟི་ལིང་ནས་ས་དམ་བར་གྱི་འབྲེལ་གཏུག་ལམ་ཐིག(G0613)ལས་གྲུབ་པའི་ལམ་དུམ་དང་།   རྒྱལ་ཁབ་ཀྱིས་ས་མཐོའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འདེགས་སྐྱོར་རྣམ་གྲངས་གལ་ཆེན་ཞིག་ཡིན།   རྣམ་གྲངས་དེ་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་ཡུལ་གསུམ་གྲོང་ཚོ་ནས་འགོ་བརྩམས་ཏེ་ཡང་ཐང་དང་།   ཐུའུ་ཀོན་གྲོང་ཚོ།   སྟག་མཆོང་གྲོག་རོང་།   སུང་ཡོན་ཟམ་པ་སོགས་བརྒྱུད་དེ་ཏ་ལི་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་མཐུད་ཡོད།   སྤྱིའི་རིང་ཚད་སྤྱི་ལེ་140.305ཟིན་པ་དང་རགས་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་210.83བཏང་ཡོད།   སྟག་མཆོང་གྲོག་རོང་གི་ས་འོག་ཏུ་ཤར་བགྲོད་ཐུབ་པ་དང་སྟག་མཆོང་གྲོག་རོང་གི་འབྲི་ཆུའི་དམིགས་བསལ་ཟམ་ཆེན་གྱི་ལས་གྲྭ་གཉིས་ཀྱིས་འཛམ་གླིང་རིམ་པའི་ལས་གྲྭའི་ཆུ་ཚད་བཏོད་ཡོད།  


ཝང་དབྱ་ཀྲིས་མཛད་སྒོ་མགོ་བརྩམས་པའི་ཁྱབ་སྒྲོག་གནང་བ།

ཆི་ཅན་ཞིན་གྱིས་མྱུར་ལམ་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུ་བ།



མཛད་སྒོར་ཞུགས་པའི་ས་གནས་མང་ཚོགས།

   


 མཛད་སྒོའི་ཐོག་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད།