ཁུལ་ཏང་གི་འཐུས་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་25ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།

    ཐེངས་འདིའི་ཚོགས་ཆེན་ཐོག་འཐུས་མི་337ཕེབས་དགོས་པ་དང་དངོས་སུ་འཐུས་མི་321ཕེབས་དགོས་ཡོད་པས། གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།  

    ཚོགས་འདུའི་ཐོག་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གི《འདེམས་བསྐོ་བྱ་ཐབས(འཆར་ཟིན)》དང་།སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ།འདེམས་ཤོག་ལྟ་ཞིབ་པའི་གྲོས་འགོའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་དང་། སྐབས་དགུ་པའི་ཁུལ་ཨུའི་ཨུ་ཡོན་དང་།ཁུལ་སྒྲིག་ཨུ་ཨུ་ཡོན་གྱི་གདམ་བྱའི་འོས་མིའི་གྲ་སྒྲིག་འདེམས་བསྐོ་མིང་ཐོ་དང་བདེ་ཆེན་ཁུལ་གྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཞུགས་མཁན་འཐུས་མིའི་འོས་མིའི་གྲ་སྒྲིག་འདེམས་བསྐོ་མིང་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད།ད་དུང་གྲ་སྒྲིག་འདེམས་བསྐོའི་ཐོག་ནས་དོ་སྣང་བྱེད་དགོས་པའི་དོན་དག་ཁྱབ་བསྒྲགས་ཀྱང་བྱས་པ་རེད།