ཝང་དབྱི་ཀྲི་རྫོང་དང་གྲོང་ཁྱེར་གསུམ་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་23ཉིན་གྱི་ཕྱི་དྲོ་དང་ཚེས་24ཉིན་གྱི་སྔ་དྲོར། ཝང་དབྱི་ཀྲི་ཡིས་ཁུལ་ཏང་གི་འཐུས་ཚོགས་ཐེངས་དགུ་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཐུས་མི་ཚོགས་པ་དང་འབའ་ལུང་རྫོང་འཐུས་མི་ཚོགས་པ།འཇོལ་རྫོང་གི་འཐུས་མི་ཚོགས་པ་བཅས་སོ་སོའི་གྲོས་བསྡུར་ལ་ཞུགས་པ།

        འཐུས་མི་དག་གི་གཏམ་བཤད་ཉན་རྗེས་ཝང་དབྱི་ཀྲི་ཡིས་བསྟན་དོན། རྫོང་དང་གྲོང་ཁྱེར་གསུམ་གྱིས་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་དོན་ཆེན་བཞི་སྐུལ་འདེད་གཏོང་བ་ལ་འགན་འཁྲི་ལྗིད་པོ་འཁུར་ཡོད་པ་དང་བྱས་རྗེས་འབུར་ཐོན་འབུལ་ཡོད་ལ། ཐོག་མཐའ་བར་གསུམ་དུ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི་ཡུལ་དངོས་གཞུང་སྒྲུབ་ཚོགས་འདུའི་ལས་ཀའི་བཀོད་སྒྲིག་དང་བླང་བྱ་ཁག་ལ་དམ་པོར་དམིགས་ནས་བརྟན་ལྷིང་ལ་དམ་འཛིན་བྱས་པའི་དུས་མཚུངས་སུ་ལས་ཀའི་རྣམ་པར་གསར་པར་གཏོད་ཡོད་པ་རེད།

        ཝང་དབྱི་ཀྲི་ཡིས་བསྟན་དོན། ཏང་གི་འཐུས་ཚོགས་ཀྱི་སྙན་ཞུ་ནི་ཁུལ་ཡོངས་ཀྱི་ཕྱིན་ཆད་ལོ་5དང་ཐ་ན་དེ་བས་དུས་ཡུན་རིང་པོའི་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པ་དང་། ཐེངས་འདིའི་ཏང་གི་འཐུས་ཚོགས་ཡག་པོ་འཚོགས་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ།  ཁུལ་ཡོངས་གོང་འོག་གི་ཐུན་མོང་གི་ངོས་འཛིན་གོང་བུ་གཅིག་ཏུ་འགྲིལ་པ་དང་མཉམ་ཤུགས་སྒོས་བདེ་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་སྐྲུན་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གཏོད་པར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱུང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།  《སྙན་ཞུ་》ཡིས་བདེ་ཆེན་གྱི་སྡོད་གནས་གཏན་འཁེལ་འབུར་དུ་ཐོན་ཡོད་པ་དང་།  བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་།  མཐའ་མཚམས་སྟོབས་ལྡན་སོགས་ཀྱི་ཐད་བདེ་ཆེན་འདི་ཉིད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་སྡོད་གནས་དང་ཁྱད་ཆོས།  དགེ་མཚན་སོགས་ཡང་དག་འཚོལ་བ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དུ་འགྱུར་བ་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་གཏོད་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ཡོད།  ཕྱིན་ཆད་ལོ་ལྔ་ནི་ཕྱོགས་ཡོངས་ནས་དུས་རབས་གསར་པའི་བདེ་ཆེན་གསར་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཞིག་ཡིན་ལ།  རིམ་པ་ཁག་གི་ཏང་ཡོན་དང་ལས་བྱེད་པས་ཁུལ་ཏང་གི་འཐུས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་དགོས་པ་དང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བདེ་ཆེན་ས་གཞི་རུ་དོན་དུ་འཁྱོལ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས།

        ཝང་དབྱི་ཀྲི་ཡིས་ཏང་གི་འཐུས་མི་ཁག་གིས་ལས་འགན་ཡག་པོ་སྒྲུབ་དགོས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀ་ལ་བསམ་འཆར་ཧུར་ཐག་འབུལ་བ།  གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་རླབས་ཆེན་གྱི་ཏང་བཙུགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དོན་འཁྱོལ་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་གཏོང་བ།   ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི་ཡུལ་དངོས་གཞུང་སྒྲུབ་ཚོགས་འདུའི་ཐོག་གཏན་འབེབས་བྱས་པའི་འཕེལ་རྒྱས་ཀྱི་སྡོད་གནས་དང་དམིགས་འབེན་ལས་འགན།  འགྲོ་ལམ་བྱེད་ཐབས་སོགས་ལ་ཁོང་དུ་ཡག་པོ་ཆུད་པ།  ཁུལ་ཏང་གི་འཐུས་ཚོགས་ཐེངས་དགུ་པའི་ཐོག་གཏན་འཁེལ་ཟིན་པའི་དམིགས་འབེན་ལས་འགན་ལ་གཞིགས་ནས་མཛེས་སྡུག་གི་འཆར་གཞི་མངོན་སུམ་དུ་འགྱུར་བར་འབད་དགོས་ཞེས་རེ་བ་བཏོན་པ་རེད།