ཆི་ཅན་ཞིན་འཇོལ་རྫོང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་23ཉིན་གྱི་ཕྱི་དྲོར་ཆི་ཅན་ཞིན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་ཞུགས་མཁན་འཇོལ་རྫོང་གི་འཐུས་མི་ཚོགས་པའི་གྲོས་བསྡུར་དུ་ཞུགས་ནས། འཇོལ་རྫོང་གིས་ས་ཚིགས་དེ་བས་མཐོ་བའི་ཐོག་ནས་འཕེལ་རྒྱས་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།

        ཆི་ཅན་ཞིན་གྱིས་ཁུལ་ཨུའི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་ནན་ཏན་བྱས་པ་དང་།འབྱུང་འགྱུར་གྱི་ལོ་ལྔའི་འཕེལ་རྒྱས་དམིགས་ཚད་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཡོད་པས།ཆབ་སྲིད་རང་བཞིན་དང་།བསམ་བློའི་རང་བཞིན།མཛུབ་ཁྲིད་རང་བཞིན།རྒྱང་ལྟའི་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དང་།སླད་ཕྱིན་ཁུལ་ཡོངས་ཀྱི་ལས་དོན་ལ་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་པ།སྙན་སྒྲོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་པ་དེས་རང་ཁུལ་གྱིས་བྱ་གཞག་ཁག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།

        ཆི་ཅན་ཞིན་གྱིས་འཇོལ་རྫོང་གི་འཕེལ་རྒྱས་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས།རིམ་པ་ཁག་གི་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ས་ཚིགས་ཆེ་རུ་བཏང་ནས་སྙན་ཞུའི་དགོངས་དོན་ལ་གོ་བ་ནན་ཏན་ལེན་པ་དང་།དེ་བས་མཐོ་སར་ལངས་ནས་དེ་ལས་ལེགས་པའི་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་།བརྟན་ལྷིང་དང་།འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས“དོན་ཆེན་བཞི”ལ་དམ་འཛིན་ནན་པོ་བྱེད་པ།སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཇོལ་རྫོང་འདི་ཉིད་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གཙོ་གནད་ཐོན་ལས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།དམངས་འཚོར་གཞི་ཚུགས་པ།སློབ་གསོའི་སྤུས་ཚད་དང་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ།འཇོལ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་དབུལ་སྒྲོལ་གྱི་ཕན་འབྲས་སྲ་བརྟན་མཐའ་གཅིག་ཏུ་གཏོང་དགོས། དམངས་གཙོ་ཁྲིམས་སྐྱོང་མཐའ་འཁྱོངས་ཀྱིས་ཁྲིམས་ལྟར་བོད་སྐྱོང་བའི་ཐབས་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འགྱུར་ལྡོག་ཏན་ཏིག་གཏོང་བ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་དུས་རབས་གསར་པའི་བདེ་ཆེན་གྱི་འཇོལ་རྫོང་གི་ལེའུ་གསར་བ་འབྲི་བར་ཧུར་ཐག་སྒོས་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན་པ་རེད།

        གྲོས་བསྡུར་ཚོགས་འདུའི་ཐོག་འཐུས་མི་ཚོས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་བཅངས་ནས་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་གྱི་འཕེལ་རྒྱས་ལ་ཐབས་དང་ཇུས་འདོན་པ་རེད།