སྨི་ཁྲི་གཅིག་གི་རྒྱུག་འགྲན་ལས་གསེར་གྱི་རྟགས་མ་སྟོབས་རྒྱལ་ལ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-24   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།

        སྤྱི་ཟླ༩ཚེས༢༡ཉིན་གྱི་དགོང་མོར། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པའི་མཆོང་རྒྱུག་འཕེན་གསུམ་གྱི་སྐྱེས་པའི་སྨི༡༠༠༠༠གི་མཐའ་བསྡུར་མཇུག་འགྲིལ་ཞིང་། འགྲན་བསྡུར་ཛ་དྲག་བྱས་པ་བརྒྱུད་བོད་རིགས་ཕོ་གསར་སྟོབས་རྒྱལ་གྱིས་སྐར་མ༢༨དང་སྐར་ཆ༣༥ཡི་ཐོག་ནས་ཨང་དང་པོ་བླངས་ཏེ་བོད་ཀྱི་རུ་ཁག་ལ་གསེར་གྱི་རྟགས་མ་རྩ་ཆེན་པོ་ཞིག་ཐོབ་པ་རེད། 
        བོད་ཀྱི་ལུས་རྩལ་འཐུས་མི་ཚོགས་པར་ཉིན་གཅིག་ནང་གསེར་གྱི་རྟགས་མ༢དང་ཟངས་ཀྱི་རྟགས་མ༢ཐོབ་ཡོད། 

        སྟོབས་རྒྱལ་ནི་ལོ༢༧ཡིན་པ་དང་།  ལོ༡༥ལ་སླེབས་སྐབས་རྒྱང་རྒྱུག་སྦྱོང་བརྡར་བྱེད་མགོ་བཙུགས་ཤིང་།  ལོ༡༦ལ་སླེབས་སྐབས་བོད་རང་སྐྱོང་ལྗོངས་ཀྱི་རྒྱང་རྒྱུག་འབྲིང་རྒྱུག་རུ་ཁག་ཏུ་ཞུགས།  སྤྱི་ལོ༢༠༡༢ལོར་རྒྱང་རྒྱུག་གཅིག་བསྡུས་སྦྱོང་བརྡར་རུ་ཁག་ཏུ་བདམས་པ་རེད། སྤྱི་ལོ༢༠༡༧ལོའི་ཟླ༩ཚེས༥ཉིན་ཐེན་ཅིན་དུ་འཚོགས་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་སྐྱེས་པའི་སྨི༡༠༠༠༠ཡི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་དང་།  སྤྱི་ལོ༢༠༢༠ལོའི་ཟླ༡༡ཚེས༢༩ཉིན་ནན་ཅིང་གི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་གསུམ་པ་བླངས་པ་རེད།  སྤྱི་ལོ༢༠༢༡ལོའི་ཟླ༦ཚེས༢༤ཉིན་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་ཐོག་སྐྱེས་པའི་སྨི༡༠༠༠༠དང་སྨི༥༠༠༠ཡི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད།