ཝང་དབྱི་ཀྲི་ཡིས་ཚོགས་ཞུགས་འཐུས་མིར་འཚམས་འདྲི་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-23   རྩོམ་ཁུངས།    སེམས་ཀྱིུ་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ་9པའི་ཚེས་22ཉིན་གྱི་ཕྱི་དྲོ་ཝང་དབྱི་ཀྲི་ཡིས་རུ་སྣེ་ཁྲིད་དེ་འཐུས་མི་ཚོགས་པ་ཁག་གི་ཚོགས་ཁང་དུ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་ཞུགས་མཁན་འཐུས་མིར་འཚམས་འདྲི་གནང་བ་རེད།ཚང་མས་དངོས་གཉེར་གྱི་བྱ་ཐབས་ལ་དམིགས་པ་དང་།ཐབས་འདོན་ཇུས་འབུལ།ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ།མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།ཆི་ཅན་ཞིན།ཀྲང་ཝེ་ཏུང་།ཕེང་ཧྲན།ཅི་ཞིན་ཅང་།ཁྲེན་ཆུན་སོགས་བློ་མཐུན་རྣམས་ཀྱིས་ལྷན་དུ་གཟིགས་པར་ཕེབས།

   ཝང་དབྱི་ཀྲི་དང་བཅས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་དང་།འཇོལ་རྫོང་གི་འཐུས་མི་ཚོགས་པ།འབའ་ལུང་རྫོང་གི་འཐུས་མི་ཚོགས་པ།ཁུལ་རིམ་པའི་འཐུས་མི་ཚོགས་པ་བཅས་སུ་ཕེབས་ནས་འཐུས་མི་ཚོར་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་ཁོང་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།


        



     ཝང་དབྱི་ཀྲི་ཡིས་ཏང་གི་འཐུས་མི་རྣམ་པ་ནི་ཁུལ་ཡོངས་ཀྱི་ལས་རིགས་ཁག་དང་མི་རིགས་ཁགའཐབ་ཕྱོགས་མི་འདྲ་བ་དང་ལས་གནས་མི་འདྲ་བར་འཐབ་འཛིང་བྱེད་པ།ཏང་གི་རྩ་འཛུགས་དང་ཏང་ཡོན་རྣམས་ཀྱི་ཡིད་ཆེས་དང་མི་རིགས་ཁག་གི་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་འཁུར་ཡོད།འདས་ཟིན་པའི་བདེ་ཆེན་གྱི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་དེ་བཞིན་འབྱུང་འགྱུར་གྱི་བདེ་ཆེན་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་གཞི་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པར་ཐབས་ཇུས་འདོན་པ་དང་བརྟན་ལྷིང་འཕེལ་རྒྱས་ཀྱི་ལས་འགན་ཁག་ཐུན་མོང་ཐོག་དོན་གཉེར་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད།འདས་ཟིན་པའི་ལོ་ལྔའི་ནང་བདེ་ཆེན་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡིན་ནའང་འདྲ།ཡང་ན་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་འཆར་འགོད་ལ་གྲུབ་འབྲས་ཐོབ་པ་ཡིན་ནའང་འདྲ།ཚང་མ་ལ་རག་ལུས་ཡོད་པ་དང་།འགན་འཁྲི་ལྕི་པོ་ཡོད་པ།ལས་འགན་གཟི་བརྗིད་ལྡན་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཡག་པོ་འཚོག་རྒྱུའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་འཐུས་མིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་།འཐུས་མིའི་ཐོབ་ཐང་ལ་གཅེས་སྤྲས་བྱེད་པ།འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ།འགན་འཁྲི་ནན་ཏན་སྒྲུབ་པ།མངགས་བཅོལ་ཟབ་མོ་ཆུད་ཟོས་མི་གཏོང་བ།རང་ཁུར་ལས་འགན་ལ་ངོ་མི་གནོང་བ།སྤུས་ཚད་དང་ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཚོགས་འདུའི་ལས་འགན་ཁག་ལེགས་སྒྲུབ་བཅས་བྱས་ནས་ཏང་གི་འཐུས་མི་ཚོགས་ཆེན་བདེ་བླག་ངང་འཚོགས་པར་འགན་ལེན་བྱེད་དགོས་ཞེས་གསུངས་བ་རེད།


    ཝང་དབྱི་ཀྲིས་ཏང་གི་འཐུས་མི་རྣམ་པས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཨུ་ལྷན།ཁུལ་ཨུད་བཅས་་ཐབས་ཇུས་བཀོད་སྒྲིག་ལྟར།འདུ་ཤེས་བཞི་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་དངོས་སུ་སྒྲུབ་སྟེ།སྔར་ལས་ལྷག་པའི་སྒོ་ནས་གཟི་བརྗིད་ལྡན་པའི་བསམ་པ་དང་།ལས་འགན་སྒྲུབ་སེམས།འགན་འཁྲི་འཁུར་སེམས་བཅས་ཆེ་རུ་བཏང་ནས།ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། ཚོགས་འདུའི་སྤྱོད་ཚུལ་སྒྲིག་ལམ་ནན་དུ་གཏོང་བ།སེམས་ནུས་གཅིག་སྒྲིལ་ཐོག་ཁུལ་ཨུའི་ལས་དོན་སྙན་སྒྲོན་དང་ཁུལ་སྒྲིག་ཨུའི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་དང་གྲོས་ཞིབ་ཡག་པོ་བྱེད་པ།ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་དང་བརྟན་ལྷིང་འཕེལ་རྒྱས་ཀྱི་ཇུས་ཆེན་ཐུན་མོང་ཐོག་ཇུས་འགོད་ཡག་པོ་བཅས་བྱས་ནས་ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་དེ་དམངས་གཙོ་མཐུན་སྒྲིལ་དང་།སྤྱོད་གཙང་གཞུང་དྲང་།དངོས་ཐོག་བདེན་འཚོལ།འབད་འབུངས་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


བྱམས་བརྩེའི་འཚམས་འདྲི་དང་མངགས་བཅོལ་ཟབ་མོ་གནང་བ་ལས་འཐུས་མི་ཚོར་སྙིང་སྟོབས་རབ་ཏུ་འཕེལ་བ་དང་བློ་སྟོབས་རབ་ཏུ་འཕེལ་ནས་གཅིག་རྗེས་གཉིས་མཐུད་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཁོལ་བ་བྱས་ཏེ། ཚོགས་ཆེན་རྩ་འཛུགས་ཀྱི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ནས་འཐུས་མིའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་།ཁུལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་དང་རྒྱ་ཆེའི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བཅས་བཤད་པ་རེད།