ཁུལ་གྱི་ཏང་གི་འཐུས་ཚོགས་ཐེངས་དགུ་པའི་འཐུས་མིས་འབྱོར་ཐོ་འགོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ་9པའི་ཚེས་22ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཐེངས་དགུ་པའི་འཐུས་མི་ཚོགས་ཆེན་དུ་ཞུགས་མཁན་འཐུས་མི་ཚོས་སྔ་རྗེས་སུ་ཁུལ་ཡོངས་ཀྱི་ས་གནས་ཁག་ནས་ཚོགས་ཆེན་གྱི་བཅའ་སྡོད་བྱ་ཡུལ་ཐན་ཅེ་ཧྲེང་ཁྲོན་མགྲོན་ཁང་དུ་འཛོམས་ཏེ་འབྱོར་ཐོ་བཀོད་པ། དེ་རྗེས་ཀྱི་ཉིན་4ཡི་དུས་ཚོད་ནང་ཁོང་ཚོས་ཏང་གི་འཐུས་མིའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་མཉམ་དུ་འཕེལ་རྒྱས་ཇུས་ཆེན་གྲོས་མོལ་དང་འཕེལ་རྒྱས་ཀྱི་ཇུས་བཟང་མཉམ་འགོད་བྱེད་རྒྱུ་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་འབྲི་རྒྱུ་རེད།