རྒྱལ་ཐང་བེ་ནུ་ལུང་པའི་སྟོན་ལྗོངས་ལྟ་ན་སྡུག

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2021-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  བེ་ནུ་ལུང་པ་ཞེས་པ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཤར་ཕྱོགས་སུ་གནས་ཡོད་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁུལ་དང་ལེ་དབར་10ལྷག་གི་བར་ཐག་ཡོད།ལོ་རྒྱུས་ཐོག་རྒྱལ་ཐང་ཤོག་བཅུ་ཞེས་བགོ་སྲོལ་ཡོད་པ་དང་བེ་ནུ་ཤོག་ཁག་ནི་དེའི་ནང་གསེས་ཀྱི་ཡ་གྱལ་གཅིག་ཡིན།  བེ་ནུ་ཞེས་པའི་འབོད་སྲོལ་ད་བར་བེད་སྤྱོད་བྱེད་བཞིན་ཡོད།



      བེ་ནུ་ལུང་པའང་རྒྱལ་ཐང་མཐོ་སྒང་དུ་གནས་ཡོད་པས་ལོ་གཅིག་དུས་ཚིགས་བཞིའི་དབྱེ་བ་གསལ་པོ་མེད་ལ།  ལོ་ལྟར་གྱི་ཟླ་བ་བཞི་པའི་ཟླ་མཇུག་གམ་ཟླ་བ་ལྔ་པའི་ཚེས་འགོར་དཔྱིད་ཀྱི་ཕོ་ཉ་ད་གཟོད་སླེབས་ཡོང་བ་དང་། ཕལ་ཆེར་ཟླ་བ་བཅུ་པའི་ཟླ་མཇུག་ཏུ་སྟོན་རྫོགས་ནས་དགུན་ཁ་སླེབས་པས་དགུན་ཐག་ཅུང་རིང་བ་དང་དཔྱིད་ཀ་དབྱར་ཁ་སྟོན་ཀ་བཅས་དུས་ཚིགས་གསུམ་པོ་དུས་ཡུན་རིང་པོ་མེད།



      དེ་ཡང་བེ་ནུ་ལུང་པའི་དཔྱིད་ཀ་དང་དབྱར་ཁ།སྟོན་ཀ་བཅས་དུས་ཚིགས་གསུམ་པོའི་ནང་རྣམ་པ་བཀྲ་བ་ནི་སྟོན་ཀ་ཡིན་ལ།སྔོ་ཞིང་དྭངས་བའི་ནམ་མཁའ་དང་དུང་ལྟར་དཀར་བའི་སྤྲིན་པ།  གསེར་ཐིང་ཐིང་གི་ནས་ཞིང་།  སྔོ་ཞིང་སྟུག་པའི་ནགས་ཚལ་སོགས་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ཞིག་ཆགས་པས།   གང་ས་གང་ནས་བལྟས་ཀྱང་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་ཞིག་གྲུབ་ཡོད།