ལྗང་མདོག་གི་ཕ་ས་འབའ་བྲོས།

རྩོམ་པ་པོ།   རྣམ་འཇོམས་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2021-09-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ལྗང་མདོག་གི་ཕ་ས་ཕ་ཡུལ་འབའ་བྲོས་ནི་གུས་པའི་ལྟེ་ཕྲག་འཕོས་སའི་ཕ་ཡུལ་ཡིན་ལ།   འབའ་བྲོས་ཞེས་པ་ནི་ལོ་རྒྱུས་སུ་ཁམས་ཕྱོགས་ཀྱི་འབའ་ཐང་ནས་བྱོལ་ཏེ་འདིར་སླེབས་པ་ཡིན་པས་དེ་ལྟར་ཐོགས་པར་བཤད་ཅིང་།  ད་སྐབས་ང་ཚོ་ནི་གནས་འདིའི་ས་འཛིན་གྱི་དང་པོ་དང་གཞིས་ཆགས་ཀྱི་རུ་མ་ཡིན་ལ།  ང་ཚོས་ལྗང་མདོག་དགུ་ལྡན་གྱི་ཕ་ཡུལ་འདིར་སེམས་ཀྱིས་གཅེས་ཤིང་།  ལག་པས་གཉོར་ཏེ་མ་ཤི་སེམས་པ་འཁོར་ས་དང་།  ཤི་ན་རུས་པ་འཐོར་ས་ཡིན་པའི་རྩིས་འདང་དང་བརྩེ་འདང་བཞག་ཡོད།   ད་ལྟ་ཡང་ཡིད་དུ་འོང་བའི་ཕ་ཡུལ་དུ་ལོ་ལེགས་སྙེ་མ་སྨིན་ཞིང་།  ཡུལ་མི་སྤུན་ཟླ་རྣམས་པ་སྟོན་གསུམ་འབྲས་ལྡན་བསྡུ་བའི་ལས་ལ་བྲེལ་བཞིན་འདུག།   ཨ་་་་  ཕ་ས་ཕ་ཡུལ།  བདག་སེམས་ཀྱི་དག་ཞིང་ངོ་མ།  དུས་གཏན་དུ་ང་ཁྱེད་ཀྱི་པང་ཁུག་ཏུ་ལོག་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ།