གསེར་ལྡན་དུས་འདིར་ཀོང་རྩེད་རར་ཤིང་ཏོག་སྣ་ལྔའི་འབྲས་བཟང་སྨིན་པ།

རྩོམ་པ་པོ།   བདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2021-09-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཀོང་རྩེད་ར་ནི་འཇོལ་རྫོང་ཁོངས་གཏོགས་ཤུག་ལའི་ཤར་འདབས་ཀྱི་གསེར་ལྡན་འབྲི་ཆུའི་ངོགས་ཀྱི་བདེ་ཐང་ཞིག་ཏུ་ཆགས་ཡོད་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྤྱི་ལེ་80ཙམ་ཡོད། ཀོང་རྩེད་ར་ནི་ལོ་རྒྱུས་ཐོག་གལ་ཆེའི་དམག་དོན་གྱི་འགག་སྒོ་ཞིག་དང་ཚོང་འབྲེལ་གྱི་བརྒྱུད་འདྲེན་ས་ཚིགས་ཤིག་ཡིན་ཞིང་།གནའ་བོའི་ཇ་རྟ་གནའ་ལམ་གྱི་གལ་ཆེའི་བརྒྱུད་ལམ་ཡང་ཡིན་པ་རེད། 

  གནས་འདི་ནི་སྐམ་ས་ཆེ་བའི་རོང་བའི་ཞིང་ལས་ས་ཁུལ་ཡིན་པ་དང་། རྒྱ་མཚོ་ངོས་ནས་སྨི་2108ལས་མེད།ཡུལ་འདིའི་ཐུན་མོང་མ་ཡིན་པའི་ས་གཤིས་དང་ནམ་ཟླས་ཡུལ་འདི་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་བ་རྒྱས་སུ་བཅུག་ནས། དབྱར་དགུན་སྟོན་དཔྱིད་ཀྱི་དབྱེ་བ་མེད་པར་ཁམ་བུ་དང་ཆུ་ཀུབ།སིལ་ལུ། ཚེར་ལུ། རྒྱ་སེའུ།ཚ་ལུ་མ། རྒུན་འབྲུམ། ཤིང་ཏོག་ཨ་མྲ་སོགས་སིལ་ཏོག་སྣ་ཚོགས་དང་ཚལ་རིགས་སྣ་ཚོགས་སྐྱེས་ནས།ཡུལ་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་སྐོང་བ་མ་ཟད། ཡུལ་མི་རྣམས་ཀྱི་ཁེ་ཕོགས་རག་སའི་ལམ་བུ་ཞིག་ཏུའང་གྱུར་ཡོད།










     ཀོང་རྩེད་རའི་སིལ་ཏོག་ཟེར་ན་བདེ་ཆེན་ས་ཁུལ་དུ་སྐད་གྲགས་ཆེ་བ་མ་ཟད། ཀོང་རྩེད་རའི་སྐོར་བྲོ་དང་ཤིང་བཟོའི་སྒྱུ་རྩལ་སོགས་ཀྱང་བོད་འབྲེལ་ས་ཁུལ་དུ་མིང་གྲགས་ཆེ་བ་རེད།