《གླིང་རྗེ་གེ་སར》གློག་བརྙན་དུ་ཕབ་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-17   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།


        དཔའ་བོའི་རྟོགས་པ་བརྗོད་པའི་སྙན་རྩོམ་རིང་མོ《གླིང་རྗེ་གེ་སར》ནི་བོད་རིག་གནས་ཀྱི་བང་མཛོད་ཆེན་མོ་ཞིག་ཡིན་ལ་མིའི་རིགས་ཀྱི་རིག་གནས་ཆུ་གཏེར་ཁྲོད་དུའང་མཆོག་ཏུ་དཀོན་པའི་ནོར་བུ་ཞིག་ཏུ་གྱུར་ཡོད་པ་རེད། དེ་བས་མངོན་པར་བཀྲ་བའི་རིག་གནས་ཀྱི་ལྡིང་ཁང་ཆེན་མོ་འདི་ལ་ཀུན་གྱིས་དོ་སྣང་དང་གཙིགས་ཆེན་བླ་ལྷག་གནང་བཞིན་ཡོད།

            2021ལོའི་ཟླ10བའི་ཟླ་སྟོད་ནས་བཟུང་ཡར་སྔོན་ཆིན་ཧྭ་སློབ་ཆེན་དུ་མཛེས་རྩལ་དགེ་རྒན་སོགས་བྱས་མྱོང་བའི་རྒན་བཱང་ཕུན་ཁྲིན་དང་ཀུན་བཟང་རྒྱལ། ཞི་བདེ་ཉི་མ་བཅས་ཀྱིས་འཁྲབ་ཁྲིད་བྱས་ཤིང་། བློ་བསྟན་དང་སྟོབས་རྒྱལ། དབང་སྒྲོན་འཚོ། ཚེ་རིང་བསམ་འགྲུབ། བདེ་ཆེན་སོགས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་གླིང་རྗེ་གེ་སར་ལས་ཚན་བཤུས《དགུ་སིང་དྲུག་འགྱུར》གྱི་ཕབ་བསྐྲུན་དངོས་སུ་མགོ་བརྩམ་རྒྱུ་རེད།

གློག་བརྙན་གྱི་སྤྱིའི་འཁྲབ་ཁྲིད་པ། བཱང་ཁྲིན་ཕུན།

འཁྲབ་སྟོན་པ་སོགས།

            ཕབ་བསྐྲུན་འདིའི་མགོ་མཇུག་ཀུན་ལ་ཁྱོན་སྒོར་དུང་ཕྱུར་གཉིས་ལྷག་གི་འགྲོ་སོང་དང་དུས་ཡུན་ལོ་ངོ་གཉིས་ལྷག་སྤྱད་ནས་རིང་ཐུང་ཆུ་ཚོད་གཉིས་ཅན་གྱི《དགུ་སིང་དྲུག་འགྱུར》ཞེས་པའི་གློག་བརྙན་འདི་རྒྱ་ཆེའི་མང་ཚོགས་ཀུན་གྱི་སྤྱན་ལམ་དུ་བསྟར་རྩིས་ཡོད། །