གཞིས་ཀ་རྩེའི་གོ་ལྕག་གྲོང་གསར་གྱི་འབྱོར་འབྲིང་འཚོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་ཟུར་ཞིག་རེད།

        བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་ནི་གཞིས་ཀ་རྩེའི་ཞི་བདེ་གནམ་གྲུ་ཐང་དུ་བསྐྱོད་པའི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་འགྲམ་དུ་གནས་ཡོད་ཅིང་། མེ་ཏོག་རྣམ་པར་བཞད་པའི་གནས་སྤོས་གྲོང་ཚོ་དེར་གྲལ་འགྲིག་པའི་བོད་ལུགས་ཐོག་ཁང་གཉིས་བརྩེགས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་རའི་ཐང་ཆེན་ཡོད་པ་དང་། ཁོད་ཡངས་ལ་གྲལ་དག་པ་དང་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་ཡོད།

        གོ་ལྕག་གྲོང་གསར་ཡོངས་སུ་དུད་ཚང408དང་མི1843ཡོད་པ་དང་། དེ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཞི་ཁྱོན་ཅུང་ཆེ་བའི་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་ས་ཚིགས་ཞིག་རེད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་ཟུར་ཞིག་རེད།

        གོ་ལྕག་གྲོང་གསར་གྱིས་ཏང་གི་དམངས་ཕན་སྲིད་ཇུས་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་གྱི་མ་འཇོག་རྨང་གཞིའི་སྒྲིག་ཆས་སོགས་ཀྱི་རོགས་སྐྱོར་འོག དམངས་སྤྱོད་སྡོད་ཁང་གཅིག་གྱུར་ཐོག་བསྐྲུན་པ་དང་ཆབས་ཅིག་ཏུ་གནས་སྤོར་དུད་ཚང་ཚང་མར་དེ་མཚུངས་ཀྱི་འཚོ་བའི་ཁྱིམ་ཆས་བཀོད་སྒྲིག་བྱས་པའི་ནང་བརྙན་འཕྲིན་དང་འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་ཡོད། གློག་ལམ་དང་འཕྲིན་གཏོང་། དྲ་བ་སོགས་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། ཞིང་སྡེའི་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ཁང་གི་ཕྱི་རོལ་གྱི་བྱ་འགུལ་སྤེལ་གནས། གྲོང་མིའི་རྨང་གཞིའི་ལུས་སྦྱོང་ཡོ་བྱད་བཅས་ཆ་ཚང་ཡོད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་ཟུར་ཞིག་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཇུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཡུལ་གཞན་དབུལ་སྐྱོར་གནས་སྤོར་མང་ཚོགས“གཞིས་ཆགས་ཐུབ་པ་དང་ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་འགྱུར་ཡོང་བ”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་དབུལ་སྐྱོར་ཐོན་ལས་ཐད་མ་དངུལ་སྒོར་དུང་ཕྱུར4.24བཏང་ནས་ཐོན་ལས་རྣམ་གྲངས8འཛུགས་སྐྲུན་བྱས་ཡོད་ཅིང་།  འོད་ཤུགས་གློག་གཏོང་དང་ཇོ་མོ་གླང་མའི་ནོར་ལུག་གསོ་སྤེལ། སྡོང་ཕྲུག་འདེབས་འཛུགས་སོགས་ལ་ཁྱབ་ཡོད་པས། གྲོང་ཚོ་ཡོངས་ཀྱིས་འོད་ཤུགས་གློག་བཏང་སྟེ་གྲོང་ཚོའི་དུད་ཚང་རེའི་འཚོ་བའི་གློག་བཀོལ་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཆབས་ཅིག་ཏུ་ངལ་ནུས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ལྷ་གཞིས་མཐོ་རིམ་གཞུང་ལམ་སོགས་ལ་བརྟེན་ནས་ངལ་ནུས་ཕྱིར་གཏོང་བྱེད་ཚད་མཐོར་འདེགས་སུ་བཏང་།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་བུ་བཅོལ་ཁང་གི་རྣམ་པ་རེད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་ཟུར་ཞིག་རེད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་རྒན་འཁོགས་ཉི་མ་ལགས་རེད།

        གོ་ལྕག་གྲོང་གསར་གྱི་གྲོང་མི་མང་ཆེ་བ་སྔོན་ཆད་ས་བབ་སྨི4500ལྷག་གི་ཁོར་ཡུག་འོག་འཚོ་སྡོད་བྱས་ཤིང་། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་བསྟུན་ནས་གྲོང་མི་ཚོ་ས་བབ་ཅུང་དམའ་བ་དང་སྐྱེ་ཁམས་ཁོར་ཡུག་ལེགས་པ། འཚོ་བའི་ཆ་རྐྱེན་ལེགས་པའི་གོ་ལྕག་གྲོང་གསར་དུ་སྤར་བ་ཡིན་ལ། ད་ལྟའི་གོ་ལྕག་གྲོང་གསར་གྱིས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་རྨང་གཞིའི་སྒྲིག་ཆས་ཆ་ཚང་ཡིན་པ། གྲོང་མི་ཚོ་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་མངོན་ཡོད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གོ་ལྕག་གྲོང་གསར་གྱི་ཟུར་ཞིག་རེད།

        དེང་སྐབས། གོ་ལྕག་གྲོང་གསར་གྱི་ཡུལ་གཞན་གནས་སྤོར་བྱས་པའི་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་གནས་སྤོ་མ་བྱས་གོང་གི་ཧ་ལམ་སྒོར3000ནས2020ལོའི་བར་གྱི་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར15366.16ཟིན་ཏེ། གྲོང་མིའི་འཚོ་བར་ངོ་བོའི་ཐོག་ནས་འགྱུར་ལྡོག་བྱུང་ཡོད་ལ། གྲོང་ཚོ་ཡོངས་སུ་བསྡོམས་པས་རླངས་འཁོར153དང་འཇུག་འཁོར་ཆེ་ཆུང37བཅས་ཡོད། ལྟོ་གོས་དང་སྡོད་ཁང་། སྨན་བཅོས། སློབ་གསོ་སོགས་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་ཕྱིན་ཏེ། “ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་དེའི་མི་གསོ་མི་ཐུབ་པའི”གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱས་པ་དང། “སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ”ཕྱོགས་ཡོངས་ནས་འགན་སྲུང་དོན་འཁྱོལ་བྱས་ནས་འབྱོར་འབྲིང་གི་འཚོ་བ་རོལ་ཐུབ་ཡོད། །