ཡང་ཐང་གི་ཡུལ་མི་རྣམས་ཀྱིས་སྟོན་བསྡུའི་ལས་ལ་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་དགུ་པའི་སེམས་ཀྱི་ཉི་ཟླ་ཡང་ཐང་གྲོང་རྡལ་དུ་ནས་སྨིན་ནས་གསེར་མདོག་གིས་ཁེངས་ཤིང་། གསེར་མདོག་གི་ས་ཞིང་ལ་ལོ་ལེགས་བྱུང་། གསར་འགོད་པ་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོའི་ཤིང་ཁུར་སྟེང་གི་གྲོང་མིའི་ཚོགས་ཆུང་དུ་ཡོང་ནས་གྲོང་མི་ཚོས་ཞིང་ནང་དུ་ནས་བརྔ་བསྡུ་བྱེད་པ་དང་ཁོང་ཚོས་སྐེད་པ་སྒུར་ནས་ཟོར་བ་གཡུག་གཡུག་བྱས་ཏེ་ནས་འབྲེག་པ་དང་དེ་རྗེས་ཡར་ལངས་ནས་བཅད་པའི་ནས་བསྡམས་པ་རེད།འདྲུད་འཐེན་འཕྲུལ་འཁོར་གྱིས་ཞིང་ནང་གི་ནས་བསྡམས་མ་རྣམས་བསྡུས་རྗེས་ཁྱིམ་དུ་དབོར་ནས་ཉི་སྐམ་སྒྲོམ་དང་།གྲོང་མི་ཚོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།