སེམས་ཀྱི་ཉི་ཟླའི་ཚབ་མཚོན་ཅན་གྱི་བཀྲ་ཤིས་རྒྱལ་མཚན་ཞིག་གསོ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་9ཚེས་13ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྗོང་གི་བཀྲ་ཤིས་རྒྱལ་མཚན་ཞིག་གསོ་ལེགས་གྲུབ་ཟིན་ནས་དངོས་སུ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་རེད། བཀྲ་ཤིས་རྒྱལ་མཚན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྗོང་དུ་ཡོད་ལ། 2002ལོའི་ཟླ་3པར་སེམས་ཀྱི་ཉི་ཟླ་ཞེས་པའི་མིང་དུ་བསྒྱུར་རྗེས་དྲན་གསོ་ཞུ་ཆེད་བཀྲ་ཤིས་རྒྱལ་མཚན་འདི་གནས་འདིའི་མཚོན་རྟགས་རང་བཞིན་གྱི་འཛུགས་སྐྲུན་དུ་བཞེངས་པ་རེད། བཀྲ་ཤིས་རྒྱལ་མཚན་འདིའི་མཐོ་ཚད་ལ་སྨི་21.45དང་། བཀྲ་ཤིས་རྒྱལ་མཚན་འདིའི་སྟེང་ན་གངས་རི་དང་གཙང་པོ། ནགས་ཚལ། དེ་མིན་བོད་རིགས་ཀྱི་སྲོལ་རྒྱུན་གྱི་བཀྲ་ཤིས་རྟགས་བརྒྱད། མི་རིགས་མཐུན་སྒྲིལ་ཆེན་པོ་དང་རླབས་ཆེན་མི་སྣའི་ལེགས་བཤད་གྲགས་ཅན་སོགས་ཀྱི་རི་མོ་དང་ཡི་གེ་ཡོད། 

    རྡོ་མཁར་རྗོང་གི་བཀྲ་ཤིས་རྒྱལ་མཚན་བེད་སྤྱོད་གཏོང་འགོ་ཚུགས་པ་ནས་ད་བར་དུས་ཡུན་ལོ་18འགོར་སོང་བས། ལྷུ་ལག་ལ་སྐྱོན་ཤོར་བ་དང་བཙའ་ཆགས་པ། ཆར་ཆུས་རྙིང་པར་ཆགས་པ་སོགས་ཀྱི་རྐྱེན་པས་བེད་སྤྱོད་ཐད་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཆེ་ཙམ་གནས་ཡོད་དེ། རྡོ་མཁར་རྗོང་དོ་དམ་ཨུ་ལྷན་གྱིས་གྲོང་ཁྱེར་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། བཀྲ་ཤིས་རྒྱལ་མཚན་ཟླ་བ་གཉིས་རིང་ཞིག་གསོ་བྱས་པ་བརྒྱུད་ཟླ་9ཚེས་13ཉིན་དངོས་སུ་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་རེད།