རྒྱལ་ཐང་གི་སྟོན་གྱི་ནས་ཞིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        སྟོན་ཀ་ནི་ཤེས་མེད་ཚོར་གྱིས་རྒྱལ་ཐང་གི་རི་ལུང་འདིར་སླེབས་བྱུང་། བསྟུད་མར་ཉིན་འགའ་ལ་ཆར་བ་བབས་རྗེས་ནམ་ཟླ་གཡའ་དག་ཅིང་། བལ་དཀར་གྱི་སྤྲིན་པ་དུམ་བུ་རེ་དལ་གྱིས་མཁའ་རུ་གཡོ་བཞིན་ཡོད་དེ། སྨུག་མདངས་རྒྱས་པའི་སྟོན་གྱི་མཛེས་ལྗོངས་འདི་ལ་མཛེས་པའི་ཚོན་རིས་གཞན་ཞིག་བསྣན། དྲོད་འཇམ་གྱི་ཉི་འོད་དང་ལྷོད་ཀྱིས་ལྡང་བའི་སྟོན་རླུང་ཁྲོད་ན། སྙེ་མའི་ཁུར་གྱིས་དུད་པའི་ནས་ཞིང་གྲུ་བཞི་དེ་སྐྱ་སེར་དུ་འགྱུར་བཞིན་ཡོད་ལ། མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བཞིན་ཡོད། འདི་སྟོན་ལ་དབང་བའི་མཛེས་རིས་ཤིག་ཡིན་ལ། འདི་ཡང་བདེ་ཆེན་མཐོ་སྒང་འདིར་དབང་བའི་སྟོན་ཀའི་མཛེས་རིས་ཤིག་ཡིན་པ་རེད།