སི་ཁྲོན་ལི་ཐང་གི་སྐྱ་མི་སྒྲོག་འགྲེལ་རུ་ཁག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-09   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

3.jpg


4.jpg


3.jpg


3.jpg


4.jpg


4.jpg

པར་འདི་ནི་སྐྱ་མི་སྒྲོག་འགྲེལ་རུ་ཁག་རེད། 

        ཟླ9པའི་ཚེས6ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཚེ་མགོན་ཤང་གིས་ལི་ཐང་རྫོང་སྤྱི་བདེ་ཅུའུ་དང་མཉམ་འབྲེལ་ངང་བཙུགས་པའི་སྐྱ་མི་སྒྲོག་འགྲེལ་རུ་ཁག་གིས་ས་བབ་སྨི4300ཡན་གྱི་འབྲོག་སར་ཏང་གི་སྲིད་ཇུས་ཡག་པོ་དྲིལ་སྒྲོག་བྱས་པ་རེད།

        ཚེ་མགོན་ཤང་ནི་འབྲོག་ལས་ཁོ་ན་གཉེར་བའི་ཤང་ཞིག་ཡིན་པས་འབྲོག་མི་ཚོས་ནམ་རྒྱུན་རྒྱང་ཐག་རིང་བའི་འབྲོག་ས་རུ་ནོར་ལུག་འཚོ་བཞིན་ཡོད་པས། ཁོ་ཚོ་ཁ་ཐོར་དུ་སྡོད་ཅིང་འགྲིམ་འགྲུལ་སྟབས་མི་བདེ་ལ། སྐབས་ལ་ལར་ཁ་པར་གྱི་བརྡ་རྟགས་ཀྱང་ཞན་པ་རེད། འབྲོག་པ་མང་ཚོགས་ལ་དུས་ཐོག་ཏུ་ཏང་གི་སྐད་སྒྲ་ཐོས་སུ་འཇུག་པ་དང་སྲིད་ཇུས་གསར་བ་རྟོགས་སུ་འཇུག་པའི་ཆེད། ཚེ་མགོན་ཤང་སྐྱ་མི་སྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོ་རི་ཀླུང་མང་པོ་བརྒལ་ཏེ་རྒྱང་ཐག་རིང་བའི་འབྲོག་སར་སོང་ནས་འབྲོག་པ་མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱས།

        སྒྲོག་འགྲེལ་རུ་ཁག་གི་རུ་མི་ཚོས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆས་འབྲོག་པ་མང་ཚོགས་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དང་། གློག་འཕྲིན་མགོ་གཡོག་མགོ་སྐོར་སྔོན་འགོག འགོས་ནད་རིགས་སོ་སོ་སྔོན་འགོག་སོགས་ཀྱི་ནང་དོན་དྲིལ་སྒྲོག་བྱས་པ་དང་། གཞན་ཡང་ལི་ཐང་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་བདེ་འཇགས་ཞྭ་མོ་ཅི་ལྟར་གོན་ཚུལ་དང་ཉེན་སྲུང་སྐེ་རགས་ཅི་ལྟར་རྒྱག་ཚུལ་གྱི་ཕྱོགས་ནས་མང་ཚོགས་ལ་དངོས་སུ་ཁྲིད་སྟོན་བྱས་པ་དང་། ཤང་འཕྲོད་བསྟེན་སྨན་ཁང་གིས་རིན་མེད་སྒོས་འབྲོག་པ་མང་ཚོགས་ལ་ཁྲག་ཤེད་མཇལ་བ་དང་རྒྱུན་སྤྱོད་སྨན་རྫས་སྤྲོད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། 

        ཤེས་གསལ་ལྟར་ན། ཟླ9པའི་ཚེས2ནས་བཟུང་། ཚེ་མགོན་ཤང་གི་སྐྱ་མི་སྒྲོག་འགྲེལ་རུ་ཁག་གིས་རྒྱུན་མཐུད་ངང་ཉིན5ལ་རི་ཀླུང་བརྒལ་བ་དང་། སྒྲོག་འགྲེལ་ལམ་ཐག་སྤྱི་ལེ500ཙམ་ལ་བསྐྱོད་དེ་མི3000ཙམ་ལ་བཅར་འདྲི་བྱས་པས་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། །