འཇོལ་ཀུང་གཞུང་ལམ་ལོ་འདིའི་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། འཇོལ་ཀོང་གཞུང་ལམ་གྱི་སྤུས་ཚད་མཐོར་གཏོང་དང་འཐུས་ཚང་དུ་གཏོང་བའི་ལས་གྲྭ་འཛུགས་སྐྲུན་གྱི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འཇོལ་ཀུང་གཞུང་ལམ་གྱི་བདག་སྐྱོང་ལས་གྲྭ་འཐུས་ཚང་དུ་གཏོང་རྒྱུ་དང་དེ་བཞིན་རྨ་བྱ་རི་བོའི་ཕུག་ལམ་ལས་གྲྭ་སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཟིན་རྒྱུ་ཡིན་པ་དང་། འཇོལ་ཀུང་གཞུང་ལམ་གྱི་བདེ་འཇགས་རང་བཞིན་དང་ཤར་བགྲོད་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་དེས་ས་ཁོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། པི་ལུའོ་གངས་རིའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་།ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད།ལམ་རྒྱུད་མི་དམངས་དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་ཁྲིད་བཅས་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་འགངས་ཆེ་ལ་གཏིང་ཟབ་ལྡན་ཡོད་པ་རེད། 


        འཇོལ་རྫོང་(ཡུང་ཀྲི་)ནས་ཀུང་ཧྲན་(ཧྲན་ཏ)བར་གྱི་གཞུང་ལམ་(བསྡུས་མིང་ལ་འཇོལ་ཀུང་གཞུང་ལམ་ཟེར་)ནི་འཇོལ་རྫོང་དང་ཀུང་ཧྲན་རྫོང་གཉིས་བར་གྱི་གཞུང་ལམ་གྱི་བགྲོད་ལམ་ཉག་ཅིག་ཡིན། གཞུང་ལམ་ཤར་གཏོང་ཐུབ་རྗེས་ལམ་ཐིག་ཧྲིལ་པོར་འགྲོ་སྐྱོད་བྱེད་པའི་དུས་ཚོད་དེ་སྔའི་ཆུ་ཚོད་20ལྷག་ཙམ་ནས་ཆུ་ཚོད་5བར་ཐུང་དུ་ཕྱིན་ཡོད།འཇོལ་ཀུང་གཞུང་ལམ་ནི་2019ལོའི་ཟླ་བཅུ་པར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་མོད། འོན་ཀྱང་ལམ་རྒྱུད་ཀྱི་གནམ་གཤིས་དང་ས་གཤིས་སོགས་ཀྱི་གནད་དོན་གྱིས་རྐྱེན་པས་དགུན་དུས་གཞུང་ལམ་ཤར་བགྲོད་ཐུབ་ཀྱི་མེད། 


        གཞུང་ལམ་ཐོག་རླངས་འཁོར་གཏོང་བའི་ལས་ཕྱོད་ཆེ་རུ་གཏོང་ཆེད། འཇོལ་ཀོང་གཞུང་ལམ་གྱི་འཐུས་ཚང་བདག་སྐྱོང་ལས་གྲྭ་དང་རྨ་བྱ་རི་བོའི་ཕུག་ལམ་ལས་གྲྭ་ན་ནིང་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་པ་རེད། འཇོལ་རྫོང་ཡུན་ལིང་ཤང་ཁྲ་ལི་ཟོ་གྲོང་ཚོའི་འཇོལ་ཀོང་ཟམ་ཆེན་ནས་འགོ་ཚུགས་པ་དང་ཀུང་ཧྲན་རྫོང་གི་ཕུང་ཏང་ཟམ་ཆེན་དུ་མཇུག་རྫོགས་པས། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་76.968ཟིན་ཞིང་། རྣམ་གྲངས་འདི་ཉིད་གཙོ་བོ་གཞུང་ལམ་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་།  གཞུང་ལམ་གྱི་གེགས་འགོག་གེགས་སེལ་བྱེད་ནུས་ཆེ་རུ་བཏང་བ།གཞུང་ལམ་འགྲིམ་འགྲུལ་གཉེར་སྐྱོང་གི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་བཏང་བ།གཞུང་ལམ་དང་མཛེས་ལྗོངས་ཀྱི་སྤུས་ཚད་མཐོ་རུ་བཏང་བ་བཅས་བྱས་པ་རེད། མིག་སྔར་རྣམ་གྲངས་དེའི་དོ་དམ་མི་སྣ་དང་།ཆེད་ལས་ཀྱི་ཨར་ལས་རུ་ཁག ལས་སྒྲུབ་མི་སྣ་བཅས་ཚང་མ་ལས་གྲྭར་སླེབས་པ་དང་འཇོལ་རྫོང་གི་དུམ་བུའི་གན་རྒྱའི་ལས་ཡུན་ཟླ་16ཡིན་པ་དང་2021ལོའི་ལོ་མཇུག་ཏུ་ཚང་མ་མཇུག་འགྲིལ་རྒྱུའི་འཆར་གཞི་ཡོད་པ་རེད།