ཚབ་ཞི་ནོར་བསྟན་གྱི་བོད་བྲོའི་ཞིབ་འཇུག་དཔེ་དེབ་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        མི་དག་གིས་དུས་རྒྱུན་བོད་ལྗོངས་ལ་གླུ་གར་གྱི་རྒྱ་མཚོ་ཞེས་འབོད་ལ། བོད་ཀྱི་མི་རིགས་དམངས་ཁྲོད་གླུ་གར་རིག་གནས་འདི་ཡང་ཐུན་མིན་གྱི་ཉམས་འགྱུར་དང་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། གནས་འདི་ནི་གླུ་ཡི་རྒྱ་མཚོ་དང་གར་གྱི་འཇིག་རྟེན་ལྟར་བུར་སྣང་།

        ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གིས་བོད་མི་དམངས་ལ་ཁོག་ཡངས་པའི་བློ་རྒྱ་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་གནང་ཡོད་དེ། ཁོ་ཚོས་འཚོ་དཀའ་བའི་མཐོ་སྒང་གི་རང་བྱུང་ཁོར་ཡུག་འདི་སྟོབས་ཀྱིས་གོམས་པར་བྱེད་པ་མ་ཟད། སྤྲོ་སྣང་དང་བློ་ཁོག་ཡངས་པོས་གནའ་བོའི་མཐོ་སྒང་འདིར་འཚོ་ཞིང་གནས་ཁ་རེད།  ངོ་མཚར་བའི་ཡུལ་ཁམས་འདིར་བོད་མི་རིགས་གཙོ་བོ་བྱས་པའི་མི་རིགས་ཁག་གི་མི་དམངས་འཚོ་གནས་གནས་བཞིན་ཡོད་དེ། ཁོ་ཚོ་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ།  བབ་ཆགས་ཤིང་གཤིས་རྒྱུད་འཇམ། གཞུང་རྒྱུད་དྲང་ཞིང་སྤྱང་གྲུང་ལྡན་པ་བཅས་ཡིན་པ་རེད།

སྨར་ཁམས་ཀྱི་ཁམས་གཞས།(པི་ཝང་།)

    སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་ལ་གོམ་པ་སྤོ་ཤེས་པ་ནས་ཞབས་བྲོ་འཁྲབ་ཤེས་ཞེས་པ་བཞིན་ཁ་གླུ་དང་མི་འབྲལ་ལ་ལུས་བྲོ་དང་མི་འབྲལ་བའི་སྐད་ཆ་འདིས་བོད་མི་དམངས་དང་གླུ་གར་མཉམ་དུ་སྦྲེལ་བའི་སྒྱུ་རྩལ་གྱི་བརྩེ་སེམས་ཇི་མ་ཇི་བཞིན་མཚོན་ཡོད།

ཆབ་མདོའི་སྐོར་བྲོ།

        རྒྱ་ཆེ་ལ་གཏིང་ཟབ་པའི་བོད་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་ཁ་ཕྲལ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་རིག་གནས་འདིས་གཤིན་ས་འདིར་འཚར་ལོངས་བྱུང་བའི་བོད་མི་དམངས་ཀྱི་འཚོ་བར་བཅངས་པའི་དགའ་ཞེན་དང་སྤྲོ་སྣང་གི་འཚོ་བའི་ལྟ་སྟངས་ཤིག་མཚོན་ཡོད་པ་རེད། 

བཙན་ལྡན་ཞོལ་རལ་པ།

        དཔེ་ཆ་འདི་ནི་རིག་གནས་ཀྱི་ཕྱོགས་ནས་ཞབས་བྲོའི་སྒྱུ་རྩལ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་པའི་ཆེད་རྩོམ་ཞིག་ཡིན་ལ། རྩོམ་པ་པོས་ཐུན་མོང་མ་ཡིན་པའི་ཚོར་བ་སྐྱེན་པོའི་མིག་རྒྱང་ལ་བརྟེན་ནས་མཚོན་བྱེད་རང་བཞིན་ལྡན་པའི་བོད་ཀྱི་དམངས་ཁྲོད་ཞབས་བྲོ་ཞིབ་འཇུག་བྱ་ཡུལ་དུ་བྱས་ཏེ། བོད་ཀྱི་དམངས་ཁྲོད་ཞབས་བྲོའི་མཚོན་སྟངས་དང་འཚོ་གནས་བྱེད་སྟངས། མཚོན་བྱེད་ནང་དོན་སོགས་ཐེངས་དང་པོར་རིག་གནས་ཀྱི་ངོས་ནས་ལྟ་ཞིབ་དང་སྔོག་འདོན་གཏིང་ཟབ་བྱས་ཏེ། བོད་མི་རིགས་ཀྱི་དམངས་ཁྲོད་བྲོ་གར་གྱི་འཚོ་གནས་ཁོར་ཡུག་དང་། དར་ཁྱབ་ས་ཁོངས། ཉམས་འགྱུར་དང་ཁྱད་ཆོས་སོགས་ལ་ཞིབ་ཅིང་ཕྲ་བའི་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཡོད།







        ཕྱོགས་གཞན་ཞིག་ནས་བཤད་ན། ཞབས་བྲོ་དང་རོལ་དབྱངས་སོགས་གསོན་ཉམས་ལྡན་པའི་སྒྱུ་རྩལ་ནི་མིའི་རིགས་རང་གི་འབྱུང་ཁུངས་འཚོལ་བ་ཡིན་ལ།  མིའི་རིགས་ཀྱིས་རང་ཉིད་ངོས་འཛིན་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། བོད་ཀྱི་རང་བྱུང་སྣོད་བཅུད་དང་ས་ཁམས་ཁོར་ཡུག  ཆོས་དད་དང་དམངས་སྲོལ། སྤྱི་ཚོགས་འཚོ་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་སོགས་ཐུན་མོང་ཐོག་གཅིག་སྡུད་བྱས་ནས་ས་མཐོའི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལྡན་པའི་བོད་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་རིག་གནས་ཆགས་ཡོད།

        ནོར་བསྟན(ཚབ་ཞི་ནོར་བསྟན)ནི་བོད་ལྗོངས་ཀྱི་ཞབས་བྲོའི་དགེ་རྒན་ཆེ་མོ་བ་དང་པོ་དང་།  ད་ཆ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ། རབ་འབྱམས་པའི་སློབ་དཔོན། ཞོར་གཏོགས་སྒྱུ་རྩལ་སློབ་གྲྭའི་ཀྲུའུ་རེན་གཞོན་པ། སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་རོལ་དབྱངས་དང་ཞབས་བྲོའི་རིགས་ཀྱི་ཆེད་ལས་སློབ་ཁྲིད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། པེ་ཅིན་ཞབས་བྲོ་སློབ་གླིང་གི་གདན་ཞུའི་དགེ་རྒན་ཆེན་མོ། པེ་ཅིན་གྲོང་ཁྱེར་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞིའི་མི་རིགས་ཞབས་བྲོའི་གདན་ཞུའི་ཞིབ་འཇུག་པ། ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། 1985ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་སློབ་གྲྭར་དགེ་རྒན་གནང་ལ། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་སློབ་གྲྭའི་སློབ་དོན་ཁོའོ་ཡི་ཀྲུའུ་རེན་གཞོན་པ་དང་སློབ་མ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་དམངས་ཁྲོད་ཞབས་བྲོ་དང་ལོ་རྒྱུས་སྨྲ་བའི་སློབ་དཔྱོད་ཁང་གི་ཀྲུའུ་རེན། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ཞབས་བྲོ་ཚན་ཁག་གི་དབུ་བཞུགས་ཀྲུའུ་རེན་སོགས་ཀྱི་འགན་བཞེས།2009ལོར་"པའོ་ཀང་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་"ཐོབ་པ་རེད།