ནགས་ཕག་མཚོར་སྟོན་གྱི་དུས་བྱ་སླེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་9བའི་ཚེས་6ཉིན། སེམས་ཀྱི་ཉི་ཟླ་ནགས་ཕག་མཚོ་རུ་ད་ལོའི་སྟོན་ཁའི་དུས་བྱ་སྐོར་ཞིག་བསུས་བྱུང་ལ། ཤ་ཁ་རི་བོ་དང་མཚོ་སྐོར་ལམ་གྱི་ལམ་མདོའི་ན་ཁུག་ན་ཆུ་སྐྱར་ཁྲ་ཁྲ་དང་ཆུ་སྐྱུར་མཇུག་ནག  ཆུ་སྐྱུར་སུག་དམར་སོགས་མཚོ་བྱ་རིགས་སྣ་ཚོགས་ཁྱུ་དང་ཁྱུ་བྱས་ནས་ཡོད་ལ། སྙན་པའི་མགྲིན་གླུ་ལེན་བཞིན་མཚོ་མཁའ་ན་གང་དགར་རྩེན་བཞིན་ཡོད།

    ལོ་རེའི་ཟླ་9ཚེས་6ཉིན་ནི་འཛམ་གླིང་གི་ཁྲུང་ཁྲུང་ཉིན་མོ་ཡིན་དེ། ལོ་རེའི་སྟོན་དུས་སུ་ཆུ་བྱ་ལྷོ་ཕྱོགས་སུ་དགུན་སྐྱེལ་དུ་འཕུར་ཡོང་ལ། བྱ་རིགས་འགའ་རེས་ནགས་ཕག་མཚོ་ནི་ལམ་བར་གྱི་ངལ་གསོའི་ས་ཚིགས་ཤིག་ཏུ་བརྩིས་ནས་ཉིན་ཁ་ཤས་བསྡད་དེ་མུ་མཐུད་ལྷོ་ཕྱོགས་སུ་འཕུར་འགྲོ་ལ། ལ་ལས་འབྲེལ་ལྟོ་ཆས་ཁ་གསབ་དང་དེ་རྗེས་བྱ་ལམ་བརྒྱུད་དེ་མུ་མཐུད་ལྷོ་ཕྱོགས་སུ་འཕུར་ནས་དྲོ་སྐྱིད་ལྡན་པའི་ས་ཁུལ་དུ་དགུན་སྐྱེལ་དུ་འཕུར་འགྲོ་བ་རེད། 

    ལོ་མང་བོའི་རིང་ནགས་ཕག་མཚོ་ནི་དུས་བྱའི་དགུན་སྐྱེལ་ས་དང་དུས་བྱ་གནས་སྤོའི་ལམ་ཐིག་གི་ས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཛེས་ལྗོངས་ལྟ་བ་དང་དུས་བྱར་ལྟ་རྒྱུར་དགའ་བ་དང་པར་རྒྱག་པར་དགའ་བའི་མི་མང་བོའི་ཡིད་དབང་བཀུག་ཅིང་། གསར་འགོད་པས་བྱ་རིགས་མཁས་ཅན་དག་ལ་ཟླ་8པ་ནས་ཟླ་11པའི་བར་ནི་དུས་བྱ་གནས་སྤོ་བྱེད་པའི་དུས་ཚིགས་ཡིན་པ་དང་དུས་བྱ་ཁྲི་སྟོང་མང་པོ་བྱང་ནས་ལྷོ་ལ་གནས་སྤོ་བྱེད་པའི་གནས་ཚུལ་བཤད་པ་རེད།