མཛོད་དགེའི་མཚོ་ཁྲ་དེ་འདབ་ཆགས་རིགས་ཀྱིས་རྒྱུད་སྤེལ་སའི་གནས་མཆོག་ཏུ་གྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-06   རྩོམ་ཁུངས།    མི་དམངས་དྲ་བ།



པར་འདི་ནི་མཛོད་དགེ་བརླན་སའི་འདབ་ཆགས་རིགས་རེད།

པར་འདི་ནི་ཆུ་ངོགས་སུ་རྐྱལ་བཞིན་པའི་ཁྲུང་ཁྲུང་མགོ་ཁྲ་གཉིས་རེད།

པར་འདི་ནི་མཛོད་དགེ་མཚོ་ཁྲའི་མཛེས་ལྗོངས་རེད།

པར་འདི་ནི་ཁྲུང་ཁྲུང་སྐེ་ནག་གཉིས་ཀྱིས་ཟས་འཚོལ་བཞིན་པའི་ཚུལ་རེད།

པར་འདི་ནི་མཛོད་དགེ་མཚོ་ཁྲའི་མཛེས་ལྗོངས་རེད།

པར་འདི་གཉིས་ནི་མཛོད་དགེ་བརླན་སའི་མཛེས་ལྗོངས་རེད།

པར་འདི་ནི་མཛོད་དགེ་བརླན་སའི་འདབ་ཆགས་རིགས་རེད། 

        སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་དུ་གནས་པའི་མཚོ་ཁྲའི་སྐྱེ་ཁམས་ཡུལ་སྐོར་ས་ཁུལ་དེ་ནི་རྨ་ཆུའི(མཛོད་དགེ་མཚམས)ཆུ་ཁུངས་གསོག་ཉར་ཁུལ་གཙོ་བོ་ཡིན་པ་མ་ཟད། མཛོད་དགེ་བརླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ“ཚོད་ལྟ་ཁུལ”གྱི་གྲུབ་ཆ་ཞིག་ཀྱང་ཡིན། གནས་དེ་རུ་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཡུལ་སྐོར། བརླན་སའི་སྐྱེ་ཁམས་ཁོར་ཡུག་སློབ་གསོ་སོགས་མཉམ་དུ་འདུས་ཡོད།

        སྲུང་སྐྱོང་ལས་དོན་སྤེལ་བའི་ཚུན། མཚོ་ཁྲའི་རང་བྱུང་ཆུ་ཚད་ལི་སྨི30ཡིས་མཐོ་རུ་ཕྱིན་ཞིང་། བརླན་སའི་མཚེའུ་རྒྱ་ཁྱོན་སྔོན་གྱི་སྤྱི་ཆིང215ནས་སྤྱི་ཆིང650རུ་ཇེ་ཆེར་སོང་བས། གནས་དེ་ནི་ཁྲུང་ཁྲུང་སྐེ་ནག་དང་ངང་དཀར་ཆེན་མོ། ཁྲུང་ཁྲུང་མགོ་ཁྲ་སོགས་འདབ་ཆགས་རིགས་ཀྱིས་རིགས་རྒྱུད་སྤེལ་སའི་ཞིང་ཁམས་སུ་གྱུར་པ་མ་ཟད། དུས་བྱ་འཚོ་སྡོད་བྱེད་པའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

        ཉེ་བའི་ལོ་རིང་། བྱེ་འགྱུར་བཅོས་སྐྱོང་དང་ས་ནག་ཐང་བཅོས་སྐྱོང་། རྩྭ་ཐང་ཞན་འགྱུར་ལེགས་བཅོས། བརླན་སའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་མཛོད་དགེའི་བརླན་སར་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ཡོད། །