ཉི་འོད་འོག་ཏུ་སྡོད་ཡུན་རིང་ན་མིག་ནད་ཕོག་སླ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-03   རྩོམ་ཁུངས།    ཁམས་པའི་རིག་གནས་དྲ་བ།

        དགུན་དུས་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་དབང་གིས། མི་རྣམས་ལ་ཉི་འོད་འོག་ཏུ་དྲོ་སྐྱིད་ཀྱི་བདེ་བ་འཕེལ་བའི་ཚོར་སྣང་ཟབ་མོ་ཡོད་ལ། མི་མང་པོ་ཞིག་ཉི་ཁུག་དྲོ་སར་ཡུན་རིང་སྡོད་པའི་གོམས་གཤིས་ཡོད། བོད་ལྗོངས་ཚན་རྩལ་ཚགས་པར་ནང་དུ་འཁོད་པའི་ཆ་འཕྲིན་རྒྱུན་ཤེས་ལྟར་ན། རྒྱུན་དུ་ཉི་འོད་དྲག་པོའི་འོག་སྡོད་ཡུན་རིང་ན་ངོ་ལྤགས་ལ་ཕོག་ཐུག་ཆེན་པོ་བཟོ་བ་ཕུད་མིག་གི་མཐོང་ཚོར་དྲ་སྐྱིར་རྨས་སྐྱོན་བཟོ་ཞིང་། དེས་མིག་རྩ་ནས་ཁྲག་དོན་པ་དང་མིག་གི་ནད་གཞི་གཞན་སློང་རྐྱེན་བྱས་ནས་མཐར་མིག་ཤེད་རིམ་བཞིན་ཉམས་འགྲོ་གི་ཡོད། དེར་བརྟེན་ལོ་ཆུང་དུས་ནས་བཟུང་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་དང་རང་གིས་རང་ལ་གཅེས་སྐྱོང་ཤེས་པ་བྱས་ན། ལོ་གྲངས་མཐོ་རུ་འགྲོ་སྐབས་མིག་ཤེད་ཉམས་པའི་སྣང་ཚུལ་མི་ཐོན་པ་དང་། དེ་མིན་གྱི་ནད་གཞི་གཞན་སྔོན་འགོག་བྱེད་ཐུབ། གཞན་ཡང་དར་མ་དང་གཞོན་ནུའི་ཁྲོད་མིག་ཆུ་བར་མེད་ཐོན་མཁན་མི་ཉུང་བ་ཞིག་ཡོད་པ་དེ་དག་ལོ་ཆུང་དུས་ནས་ཉི་འོད་དྲག་པོའི་འོག་རྒྱུན་རིང་ལུས་པའི་རྐྱེན་ཡིན་པས། དུས་རྒྱུན་གྱི་ཤུགས་དྲག་ཆེ་བའི་ཉི་འོད་ཀྱི་གནམ་གཤིས་འོག་ཏུ་འོད་འགོག་མིག་ཤེལ་རྒྱག་དགོས་པ་དང་ཡང་ན་ཉི་སྒྲིབ་ཞྭ་མོ་སོགས་གྱོན་ནས་ཉི་འོད་མིག་ལ་ཐད་ཀར་མི་ཕོག་པ་བྱེད་དགོས།