རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-09-01   རྩོམ་ཁུངས།    迪庆非遗
དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཀོང་རྩེད་ར་སྐོར་བྲོ་ཡང་རིམ་བཞིན་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་ཡོད།
ཀོང་རྩེད་ར་སྐོར་བྲོའི་རྒྱུན་འཛིན་དང་འཕེལ་རྒྱས།
1999ལོར་ཀོང་རྩེད་ར་སྐོར་བྲོ་འདི་ཉིད་བོད་འབྲེལ་ས་ཁུལ་གྱི་ཁྱད་ལྡན་དམངས་ཁྲོད་གླུ་གར་ཡིན་པའི་ཆ་ནས། ལྗར་པན་གྱིས་སྤེལ་བའི་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་སྐབས་བཞི་པར་གདན་འདྲེན་ཞུས་པ་དང་། 2000ལོར་མ་ལེ་ཞི་ཡ་དང་སིང་ཀ་ཕོར་སོགས་རྒྱལ་ཁབ་ཏུ་འཁྲབ་སྟོན་བྱེད་པར་བསྐྱོད་པ། 2002ལོར་ཀྲུང་གོ་དང་།ལྗར་པན། དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས་ལྗར་པན་གྱི་ཀོང་ཏའོ་རུ་འཚོགས་པའི《བོད་རིགས་ཀྱི་བཟོ་རྩལ་མཛེས་རྩལ་དང་།དམངས་ཁྲོད་རིག་གནས།དེ་བཞིན་དེའི་ད་ལྟ་དང་འབྱུང་འགྱུར་སྐོར་》ཞེས་པའི་རྒྱལ་སྤྱིའི་སྒྱུ་རྩལ་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་འདུར་ཞུགས་པ།2006ལོར་བདེ་ཆེན་སྐོར་བྲོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་ཐོའི་ནང་བཅུག་པ་དང་། 2008ལོར་ཞུས་ཀུའེ་ལེན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་གཉིས་པར་གཏན་འཁེལ་བྱས། 2013ལོར་ཡུན་ནན་ཞིང་ཆེན་གྱི་སྐབས་བརྒྱད་པའི་མི་རིགས་ཀྱི་དམངས་ཁྲོད་གླུ་གར་འཁྲབ་སྟོན་ནང་།ཀོང་རྩེད་ར་སྐོར་བྲོ་ལ་སྐར་མའི་བྱ་དགའ་ཐོབ།2017ལོའི་ཟླ་10པར་ཀོང་རྩེད་ར་དམངས་ཁྲོད་སྐོར་བྲོ་འཐུས་མི་རུ་ཁག་གིས་རྒྱལ་ཡོངས་རིག་གནས་སྒྱུ་རྩལ་སྤེལ་རེས་བྱེད་སྒོའི་དཔྱིད་གསར་མཚན་ཚོགས་མཚོ་འདེམས་ལས་པེ་ཅིང་བབས་ཚུགས་ཀྱི་འགྲན་བསྡུར་ཁྲོད་གསེར་གྱི་རྡོ་རྗེ་ཕ་ལམ་གྱི་བྱ་དགའ་ཐོབ་པ་རེད།
ཞུས་ཀུའེ་ལེན།བོད་རིགས།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཀོང་རྩེད་ར་གྲོང་མིའི་ཨུ་ཡོན་ལྷན་ཁང་བྱེ་འབུར་སྒང་གྲོང་མིའི་ཚོ་ཆུང་གི་མི་ཡིན། 2008ལོར་རིག་གནས་པུས་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྐོར་བྲོ་འཁྲབ་མཁན(བདེ་ཆེན་སྐོར་བྲོ་འཁྲབ་མཁན)གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་མིང་བཏགས་པ་རེད།
བསོད་རྣམས་ཕུན་ཚོགས།བོད་རིགས།2018ལོར་རིག་གནས་པུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་ལྔ་པའི་ཁ་བ་དཀར་པོའི་གནས་རི་མཆོད་འབུལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་པའི་མིང་བཏགས་པ་རེད།
ཚེ་རིང་ལྷ་མོ།བོད་རིགས།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཀོང་རྩེད་ར་གྲོང་མིའི་ཨུ་ལྷན་ནང་རོལ་གྲོང་མི་ཚོ་ཆུང་གི་མི་ཡིན། 2019ལོའི་ཟླ་11པར་ཡུན་ནན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་བདེ་ཆེན་སྐོར་བྲོ་(ཀོང་རྩེད་ར་སྐོར་བྲོ)སྟེ་ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་མིང་བཏགས།
སྤྲང་ལོང་ཚེ་རིང་།བོད་རིགས།ཀོང་རྩེད་ར་གྲོང་རྡལ་ཀོང་རྩེད་ར་གྲོང་མིའི་ཨུ་ཡོན་ལྷན་ཁང་ནང་རོལ་གྲོང་མིའི་ཚོ་ཆུང་གི་མི་ཡིན། 2018ལོའི་ཟླ་3པར་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་བདེ་ཆེན་སྐོར་བྲོ་ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་མིང་བཏགས་པ་རེད།
བློ་བཟང་དཔལ་ལྡན།བོད་རིགས།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡུལ་བརྒྱད་གྲོང་ཚོ་ཨུ་ལྷན་ཞ་ལུ་གྲོང་མི་ཚོ་ཆུང་གི་མི་ཡིན། 2005ལོའི་ཟླ་7པར་འཇོལ་རྫོང་མི་དམངས་སྲིད་གཞུང་གིས་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་པར་མིང་བཏགས།
ཀོང་རྩེད་ར་སྐོར་བྲོའི་རྒྱན་གོས།
ཀོང་རྩེད་རའི་བོད་ཀྱི་སྐྱེས་པའི་མགོ་ལ་ཚེ་རིང་སྐྱིན་ཁེབས་དང་།སྟོད་ལ་གོང་ཐག་གསེར་པོའི་སྟོད་གོས་དཀར་པོ་གྱོན་པ།ཕྱི་རུ་ཕྱུ་པ་གྱོན་པ། བུད་མེད་ཀྱི་གྱོན་ཆས་ནི་ཚོན་མདངས་གསལ་ལ་མཛེས་པ་དང་།གོང་མའི་ཕོ་བྲང་གི་གྱོན་ཆས་ཀྱི་ཉམས་དང་ལྡན།སོག་ཡུལ་དང་འཇང་རོགས་ཀྱི་རྒྱན་གོས་ཀྱི་ཁྱད་ཆོས་ལྡན་པ།
ཀོང་རྩེད་རའི་བུད་མེད་ཀྱི་རྒྱན་ཆ་མང་པོ་ཡོད། རྣ་རུ་གསེར་དངུལ་གྱི་རྣ་ལུང་ཐུར་དཔྱངས་མ་དང་། བྲང་ཁར་གསར་དང་དངུལ།ཟངས་དཀར་ཀྱིས་བཟོས་པའི་གའུ། ད་དུང་བྱུ་རུའི་ནོར་བུ་དང་། སྤོས་ཤེལ། གཡུ་སོགས་ཀྱིས་བཟོས་པའི་མགུལ་རྒྱན་ཡང་ཡོད་པ་རེད།