ཀོང་རྩེད་ར་སྐོར་བྲོ།༼ སྟོད། ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-31   རྩོམ་ཁུངས།    迪庆非遗


        ཀོང་རྩེད་ར་སྐོར་བྲོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་མི་རིགས་ཀྱི་རྒྱན་གོས་དང་ཆ་ཚང་ལ་དང་དོད་བྱེད་པའི་དམངས་ཁྲོད་ཀྱི་གུས་སྲོལ་གྱིས་བདེ་ཆེན་སྐོར་བྲོ་ཡི་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། 2006ལོར་བདེ་ཆེན་སྐོར་བྲོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་རེད།

ཀོང་རྩེད་ར་སྐོར་བྲོའི་ཁྲིད་སྦྱོང་ལྟེ་གནས།

        ཀོང་རྩེད་ར་སྐོར་བྲོའི་ཁྲིད་སྦྱོང་ལྟེ་གནས་ནི་2018ལོར་བསྐྲུན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་200ཡོད་པ་རེད། ཀོང་རྩེད་ར་གྲོང་རྡལ་གྱི་ངོ་སྤྲོད་མདོར་བསྡུས་དང་།ཀོང་རྩེད་ར་སྐོར་བྲོའི་ལོ་རྒྱུས།རྒྱན་གོས།གླུ་ཚིག་དང་དེ་བཞིན་རྒྱུན་འཛིན་སོགས་ཀྱི་ནང་དོན་ཚུད་ཡོད།

 ཀོང་རྩེད་ར།

        ཀོང་རྩེད་ར་ནི་འཛམ་གླིང་རང་བྱུང་ཤུལ་བཞག་གཙང་གསུམ་མཉམ་བཞུར་དང་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲུབ་ཆ་ཞིག་ཡིན། ལོ་རྒྱུས་ཀྱི་ཐོག་ནས་བརྗོད་ན།ཀོང་རྩེད་ར་ནི་ལྷོ་ནུབ་ནས་བོད་དུ་སྐྱོད་པའི་གནའ་ལམ་ཞིག་ཡིན་ལ་ཡུན་བོད་ཇ་རྟ་ཚོང་ལམ་གྱི་འགག་གནད་གལ་ཆེན་ཞིག་ཀྱང་ཡིན། བོད་ཀྱི་དཔུང་ཆེན་དེ་སྔ་ཀོང་རྩེད་རར་བཅའ་སྡོད་བྱས་མྱོང་།2005ལོའི་ཟླ་9པར་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཀོང་རྩེད་རར་སྐོར་བྲོའི་ཞིང་ཁམས་ཞེས་པའི་མིང་བསྩལ་པ་དང་། 2006ལོའི་ཟླ་5པར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀོང་རྩེད་རར་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཁུལ་ཞེས་པའི་མིང་བསྩལ་བ། 2015ལོའི་ཟླ་9པར་ཡུན་ནན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ཀོང་རྩེད་ར་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་རྡལ་ཞེས་པའི་མིང་བཏགས་པ།

ཀོང་རྩེད་ར་གྲོང་རྡལ།

འབྲི་ཆུའི་ཀྱོག་ཁུག

ཀོང་རྩེད་ར་སྐོར་བྲོ་དང་གཞས་ཚིག

        འཇོལ་རྫོང་གི་སྐོར་བྲོ་དེ་འབྲི་ཆུའི་རྒྱུད་ཀྱི་སྐོར་བྲོ་དང་རྫ་ཆུའི་རྒྱུད་ཀྱི་སྐོར་བྲོ་བཅས་རིགས་གཉིས་སུ་ཕྱེ་ཡོད། འབྲི་ཆུའི་རྒྱུད་ཀྱི་སྐོར་བྲོ་ནི་ཀོང་རྩེད་རར་ཁྱབ་ཅིང་སྐད་གྲགས་ཤིན་ཏུ་ཆེ།སྐོར་བྲོའི་གླུ་ཚིག་ནི་ཅུང་གཟབ་ནན་གྱི་གཤིབ་བསྡུར་དང་ངོ་མཚར་ཆེ་བའི་དཔེ་འཇོག་གི་ཆོས་ཉིད་ཡོད། 2018ལོར་ཀོང་རྩེད་ར་གྲོང་རྡལ་གྱིས་གྲོང་ཚོ་ཁག་གིས་ཉར་ཚགས་བྱས་པའི་གླུ་ཚིག་དང་དབྱངས་ལ་ཁྱོན་ཡོངས་ནས་འཚོལ་བསྡུ་ཐོ་འགོད་བྱས་པ་དང་ལེགས་སྒྲིག་བྱས་པ་བརྒྱུད།ཐོག་མའི་བསྡོམས་རྩིས་ལྟར་ན་ཐ་སྙད་300ཙམ་ཡོད་པ་རེད།

 ཀོང་རྩེད་ར་སྐོར་བྲོའི་ནང་དོན།

        སྐོར་བྲོ་ནི་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་ལས་བྱུང་བ་ཞིག་ཡིན་ཞིང་།དེ་ནི་ལས་དབང་གཅིག་ཏུ་འབྲེལ་བའི་རིག་རྩལ་གྱི་གཞི་རྟེན་ཞིག་ཡིན། དེ་བས།ཀོང་རྩེད་ར་སྐོར་བྲོ་ལས་མཚོན་པའི་ནང་དོན་ཡང་མང་ཆེ་བ་ཐོན་སྐྱེད་འཚོ་བ་དང་སྤྱི་ཚོགས་གོམས་སྲོལ་དང་འབྲེལ་བ་ཡོད། གཉེན་སྒྲིག་དང་།མགྲོན་བསུ།སྡོད་ཁང་གསར་པ་སྐྲུན་པའི་མཛད་སྒོ།དཔའ་བོར་བསྔགས་བརྗོད་བྱེད་པ་སོགས་ཀྱི་འཚོ་བའི་མཛད་སྒོའི་གོམས་སྲོལ་ཡོད་ལ།ཨ་རག་སྙོལ་བ་དང་།གྲོ་འདེབས་པ།བལ་འཐག་པ།སྒོ་ཕྱུགས་འཚོ་སྐྱོང་བྱེད་པ་སོགས་ཀྱི་ཐོན་སྐྱེད་ངལ་རྩོལ་བྱེད་ཚུལ་ཡང་ཡོད་པ་རེད།