ཏུང་ཅིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-30   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    པེ་ཅིང་གི་དུས་ཚོད་ཟླ8པའི་ཚེས24ཉིན་གྱི་མཚན་མོའི་ཆུ་ཚོད་བདུན་གྱི་སྟེང་།སྐབས16པའི་དབང་བོ་སྐྱོན་ཅན་ཨོ་ལིན་ཕི་ཁོ་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་དེ་འཇར་པན་གྱི་རྒྱལ་ས་ཏུང་ཅིང་ཨོ་ལིན་ཕི་ཁོ་ལུས་རྩལ་ཐང་དུ་འཚོགས་པ་དང་།བུད་མེད་ཀྱི་མདའ་འཕེན་ལུས་རྩལ་པ་ཀྲོའུ་ཅ་མིང་དང་སྐྱེས་པའི་མཆོང་རྒྱུག་ལུས་རྩལ་པ་ཝང་ཧའོ་ཡིས་དར་ཆ་བཟུང་ནས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་སྣེ་ཁྲིད་དེ་ཏུང་ཅིང་ཨོ་ལིན་ཕི་ཁོ་ལུས་རྩལ་ཐང་དུ་བསྐྱོད་པ་རེད།ཐེངས་འདིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྟེང་། ཀྲུང་གོའི་འཐུས་མི་ཚོགས་པ་མི437ལས་གྲུབ་ཅིང་། དེའི་ཁྲོད་ལུས་རྩལ་པ251དང་། ལུས་རྩལ་དགེ་རྒན་དང་ལས་བྱེད་མི་སྣ།འགྲན་བསྡུར་གྱི་གཞོགས་འདེགས་མི་སྣ་བཅས186ཡོད་ལ། ཀྲུང་གོའི་ལུས་རྩལ་འཐུས་མི་དག་རྣམ་གྲངས་ཆེ་གྲས20དང་རྣམ་གྲངས་ཆུང་གྲས341ལ་ཞུགས་རྒྱུ་ཡིན་པ་དང་། ཕྱི་རྒྱལ་གྱི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྟེང་རྣམ་གྲངས་ལ་ཞུགས་ཚད་ཆེས་མང་བའི་ཐེངས་ཤིག་ཡིན་པ་རེད། །