དྲི་ལྡན་མེ་ཏོག་རྒྱང་རིང་ཡང་རྒྱང་གི་མགྲོན་པོ་སྐོར་ནས་ཡོང་།

རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2021-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ

    ཚ་གདུག་ཆེ་བའི་དབྱར་ཁར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོའི་བོད་རིགས་གྲོང་མིས་ཞིང་ནང་དུ་བཏབ་པའི་ཉི་མ་མེ་ཏོག་སོགས་མེ་ཏོག་སྣ་བརྒྱ་མཉམ་དུ་བཞད་ཅིང་། སེམས་ཀྱི་ཉི་ཟླའི་གྲོང་ཁུལ་གྱི་མང་ཚོགས་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་གནས་འདིར་ཡོང་ནས་མེ་ཏོག་ལ་ལྟ་བ་དང་དྲན་རྟེན་པར་བརྒྱབ་པ་རེད།

    ཟླ་8པའི་ཚེས་22ཉིན་གྱི་ཕྱི་དྲོ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བཅའ་སྡོད་བྱས་པའི་འཇོལ་རྫོང་གཡག་རྭ་ཤང་ནས་ཡིན་པའི་བོད་རིགས་བུད་མེད་30ལྷག་གིས་ཉི་ཤར་ཤང་ཐང་སྨད་གྲོང་དུ་མེ་ཏོག་ལ་ལྟ་བ་དང་།མེ་ཏོག་བཏབ་ཡོད་སའི་ཞིང་ཁའི་ལམ་ཆུང་ཐོག་དགའ་སྤྲོའི་གཞས་གར་འཁྲབ་པ་རེད།