འཛམ་གླིང་ཆེ་མོའི་ཇི་ཉི་སི་ཟིན་ཐོ་ཐོབ་པའི༼ ཁམས་པའི་ལ་དབྱངས ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-25   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

        རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྟེ་བོད་ཀྱི་དམངས་ཁྲོད་རྩོམ་རིག་༼ ཁམས་པའི་ལ་དབྱངས༽ཡིག་གཟུགས་སྒྲིལ་རིང་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་གི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་པ་ཡུལ་ཤུལ་མྱི་གཡང་གིས་སྤྱི་ལོ་2018ལོའི་ཟླ་8པ་ནས་2021ལོའི་ཟླ་8པའི་བར་ལོ་གསུམ་གྱི་རིང་ལ་བྲིས་པའི་སྒྲིལ་རིང་ཡིག་གཟུགས་བརྩམས་ཆོས་ཡིན།  ཁྱོན་བསྡོམས་སྒྲིལ་རིང་12ཡོད། རིང་ཚད་ལ་སྨི་666ཡོད། ཞེང་ཚད་ལ་སྨི་0.85ཡོད།

        སྤྱི་ལོ་2021ལོའི་ཟླ་བ་6པའི་ཚེས་9ཉིན། འབྲི་སྟོད་རྫོང་ནས་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་ལག་ལེན་གྱི་སྐབས་དང་པོའི་བགྲོ་གླེང་ཚོགས་འདུ་དང་ཡིག་གཟུགས་གྲུབ་འབྲས་བརྗེ་རེས་མཉམ་སྤྱོད་ཚོགས་འདུའི་སྟེང་ཡུལ་ཤུལ་མྱི་གཡང་གི་བོད་ཡིག་ཡིག་གཟུགས་སྒྲིལ་རིང་༼ ཁམས་པའི་ལ་དབྱངས ༽ལ་འཛམ་གླིང་ཆེ་མོའི་ཇི་ཉི་སི་ཟིན་ཐོའི་དཔང་རྟགས་སྤྲད་པ་རེད།  ཚོགས་འདུའི་སྟེང་འབྲི་སྟོད་རྫོང་ཏང་ཨུད་དང་སྲིད་གཞུང་གི་སྐུ་ཚབ་དབུ་ཁྲིད་དང་།མཚོ་སྔོན་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་རྒན་བདེ་མཆོག་རྒྱལ་སོགས་ཀྱིས་ཤིས་ཚིག་དང་བཀྲ་ཤིས་རྟེན་འབྲེལ་གནང་།དེ་རྗེས༼ ཁམས་པའི་ལ་དབྱངས ༽ཡིག་གཟུགས་སྒྲིལ་རིང་དེ་འབྲི་སྟོད་རྫོང་ཐང་བྷོད་གནའ་ལམ་རིག་གནས་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་ཡོད་པ་རེད།

        ༼ ཁམས་པའི་ལ་དབྱངས ༽ནི་ཆ་ལག་ཚང་ཞིང་། ནང་དོན་ཟབ་པའི་བོད་ཀྱི་དམངས་ཁྲོད་ལ་དབྱངས་གཅེས་བསྡུས་ཤིག་ཡིན་ཞིང་། བོད་བཙན་པོའི་དུས་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་དམངས་གཞས་ཀྱི་སྒྲིག་སྲོལ་ཞིག་ཆགས་ཡོད། དེ་ནི་འབྲི་སྟོད་རྫོང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཉག་གཅིག་དེ་རེད།