སྙིང་ཉེ།

རྩོམ་པ་པོ།   དཀོན་མཆོག་བཀྲ་ཤིས།   ཡིག་བསྒྱུར།       དུས་ཚོད།   2021-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

རྨི་ལམ་ལས་རྙེད་པའི་འཛུམ་ཞལ

གདོང་རས་སྲབ་བུའི་འོག་ཏུ་དམར་ལ་མདངས་རྒྱས

མཆུ་སྒྲོས་འགུལ་ཙམ་འགུལ་ཙམ་གྱིས

སེམས་ཀྱི་ཚང་ཚིང་ཡོམ་ཡོམ་འདར་བའི་སྐད་ཅིག་མར

སྙིང་གཏམ་གྱི་ཨ་ལོང་འདྲེས་པར་གྱུར་པས

ལམ་ཁ་གཅིག་ཏུ་སོ་སོའི་ངོ་བོར་ཐིམ

སྙིང་ཉེ།  སྙིང་ཉེ།  སྙིང་ཉེ།