ཅི་ཞིག་ལ་ཁྱི་སྨྱོན་གྱི་ནད་ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-24   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ཁྱི་སྨྱོན་གྱི་ནད་ལ་ཆུ་ལ་སྐྲག་པའི་ནད་ཀྱང་ཟེར། ནད་དེ་ནི་མི་ཕྱུགས་གཉིས་ཀར་མཉམ་དུ་བྱུང་བའི་སྲོག་ཆགས་ལས་འབྱུང་བའི་འགོས་ནད་ཅིག་ཡིན་ལ། ཁྱི་སྨྱོན་གྱི་ནད་དུག་དེ་མིའི་དབང་རྩའི་ལྟེ་བའི་མ་ལག་ཏུ་ཞུགས་པ་ལས་ནད་ཐོག་མངོན་ཚུལ་རབ་དང་རིམ་པ་འབྱུང་བ་ཞིག་ཡིན། དཔེར་ན་རྒྱུན་དུ་ལུས་ཁམས་མི་བདེ་དང་། ཡི་ག་མེད་པ། ཐང་ཆད་པ། མགོ་ན་བ། ཚ་རྒྱས་བ་བཅས་ཡིན། ནད་པ་མང་ཆེ་བའི་ཁྱིས་རྨུག་སར་ན་ཟུག་ལངས་བ་དང་སྦྲིད་པ། གྲོག་མ་འགྲོ་བ་ལྟ་བུ་སོགས་ནམ་རྒྱུན་དང་མི་འདྲ་བའི་སྣང་ཚུལ་འབྱུང་སྲིད། དེ་ནས་རིམ་བཞིན་སྡོད་བཟོད་མི་བདེ་བ་དང་། ཁ་ཆུ་འཛག་པ། སྐྲག་སྣང་སྐྱེས་བ། མིད་པའི་ཤ་གནད་རེངས་འཁུམ་འབྱུང་བ་ཡིན། གཞན་ད་རུང་ཆུ་དང་རླུང་། འོད། སྒྲ་བཅས་ལ་སྐྲག་པ་དང་། མཇུག་མཐར་དབུགས་གཏོང་ལེན་དང་འཁོར་སྐྱོད་མ་ལག་ཉམས་ནས་འཆི་བ་རེད།