བདེ་ཆེན་ཁུལ་གྱི་སློབ་གྲྭ་ཁག་གིས་སློབ་འགོ་ཚུཊ་པའི་སློབ་ཚན་འཚོཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


         ཉེ་ཆར། རང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་ཤིང་། སློབ་གྲྭ་ཁག་གིས་འབྲེལ་ཡོད་བླང་བྱ་གཞིར་བཟུང་ན་རྣམ་པ་མི་འདྲ་བའི་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་བྱེད་སྒོ་སྤེལ་ནས་སློབ་མའི་སློབ་དུས་གསར་པའི་“སྒྲོག་གུ་དང་པོ་”ལེགས་པར་བརྒྱབ་པ་རེད།

         སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གསུམ་པས་“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”ནང་དོན་གཙོ་བོར་བརྩིས། འཛིན་གྲྭས་ཚན་པར་བྱས་ནས་སློབ་མ་ཚོ་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་དང་བརྙན་ལམ་ལ་སླར་ཡང་སློབ་སྦྱོང་བྱས་ནས་སློབ་མས་ལོ་རྒྱུས་དང་དོན་དངོས་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་དང་། གཟི་བརྗིད། ཡང་དག་བཅས་ཀྱི་མྱོང་ཚོར་ཐུབ་པ་བྱས་ཏེ་རང་ཉིད་ཀྱི་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་སྔར་བས་ངོས་འཛིན་དང་། ཏང་དང་བློ་སེམས་གཅིག་མཐུན་གྱི་དད་སེམས་དང་ཡིད་ཆེས་བཅངས་ནས་གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་བྱེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་དང་པོའི་ལོ་རིམ་བརྒྱད་པ་དང་ལོ་རིམ་དགུ་པའི་དགེ་སློབ་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་གྱིས་ལུས་རྩལ་ཐང་ཆེན་ཐོག“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་བ།སློབ་གྲྭའི་ཐོན་ཨུའི་འགན་འཁུར་དགེ་རྒན་གྱིས《མེས་རྒྱལ་ཡིད་ལ་འཆང་བ·མ་འོངས་པར་ཁ་གཏད་པ》ཞེས་འགོ་བརྗོད་དུ་འཁོད་པའི་སློབ་མ་རྣམས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”ཞེས་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་ཀྲུང་གོའི་གཞོན་ནུའི་མི་རབས་ཀྱིས་མི་རབས་ནས་མི་རབས་བར་བསྟུད་མར་འབད་འཐབ་བྱས་ཏེ་རྒྱལ་ཁའི་གླུ་དབྱངས་བརྩོན་ལེན་བྱས་ནས་མདུན་སྐྱོད་བྱས་པ་དང་།རང་ཉིད་ཀྱི་ལང་ཚོའི་དུས་ཀྱི་ཀྲུང་གོའི་ལང་ཚོའི་དུས་སྐབས་གཏོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གླེང་བ་རེད།

        བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དུ་འཛིན་གྲྭ་ཁག་གི་འཛིན་བདག་གིས་སློབ་མ་ཚོར“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་ཚན”དང་།“བདེ་འཇགས་སློབ་གསོའི་སློབ་ཚན”“རིམས་ནད་སྔོན་འགོག་ཚོད་འཛིན་སློབ་ཚན”“སེམས་ཁམས་བདེ་ཐང་སློབ་ཚན”བཅས་གྲ་སྒྲིག་ཞིབ་ཚགས་བྱས་པ་རེད།