རྨི་ལམ་གྱི་སྒྲོལ་མ།

རྩོམ་པ་པོ།   དཀོན་མཆོག་བཀྲ་ཤིས།   ཡིག་བསྒྱུར།       དུས་ཚོད།   2021-08-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


ཉི་ཤར་དང་ཉི་ནུབ

མངོན་སུམ་དང་རྨི་ལམ

དུངས་ཞེན་ལས་འཕྲོས་པའི་མེ་ཏོག

ཡིད་འོང་གི་གར་མ

བརྩེ་དུང་གི་རྦ་རླབས་བྲག་ལ་བརྡབ་དུས

སུ་ཞིག་རླབས་ཕྲེང་གི་ཟེགས་མ་རེ་རེ་བྱས་ན་འདོད


བརྩེ་བ་དང་ལྷག་བསམ

སྨག་གནག་གི་མཚན་ལྗོངས་ཤིག་ལ

འབྲུག་ལྡིར་དང་ལྷགས་རླུང་ངང་གིས་འཚེར་ཞིང

ཟླ་འོད་དབེན་ཞིང་ཆར་བ་འབབ

དྲོད་ལམ་གྱི་ཁེངས་པའི་གནས་ལམ་ཞིག་ནས

སུ་ཞིག་གིས་ཆར་ལྭ་གོན་ནས་ལྷས་ར་འགྲིམས་ན་འདོད


བརྩེ་བ་འདི་འོད་ཅིག་ཡིན

མདངས་གསལ་ལ་གྲིབ་མའི་མ་སྦགས་པའི་འོད་ཅིག་ཡིན

བརྩེ་བ་འདི་ཆུ་ཞིག་ཡིན

ལྷུང་ལྷུང་གི་བཞུར་སྒྲ་སྙན་ཞིང་ཡུན་རིང་གནས་པའི་ཆུ་ཞིག་ཡིན

དྭངས་གཙང་གི་སྒྲོལ་མ