དབྱར་དུས་ཤིང་ཏོག་འདི་དག་ཟས་ན་གཟུགས་གཞིར་ཕན་པ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-18   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

    ༡. ཆུ་ཀུབ།  དབྱར་དུས་མཐོང་མང་བའི་ཤིང་ཏོག་རིགས་ཤིག་ནི་ཆུ་ཀུབ་ཡིན་པ་དང་།  ཆུ་ཀུབ་གཤེར་ཁུ་མང་བ་དང་རོ་བཅུད་ཞིམ་མངར་ལྡན་ལ།  འཚོ་བཅུད་དང་ཚད་ཉུང་མ་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པ་དང་།  དབྱར་དུས་ཆུ་ཀུབ་ཀྱིས་སྐོམ་ངལ་སེལ་བ་དང་ད་དུང་འཚོ་བཅུད་ཁ་གསབ་ཐུབ་ཀྱི་ཡོད།

    ༢. ཁམ་བུ།  དབྱར་འགོ་ནི་ཁམ་བུ་སྨིན་པའི་དུས་ཚིགས་ཡིན་པ་དང་།    ཁམ་བུའི་བྲོ་བ་ཞིམ་ལ་སྐོམ་ངལ་སེལ་གྱི་ཡོད་ཀྱང་མང་པོ་བཟས་དྲགས་ན་གྲོད་པ་སྦོས་ཀྱི་ཡོད།

    ༣. ཤིང་ཏོག་ལི་ཙི།  དེ་ཡང་ནམ་དུས་དབྱར་ཀའི་ཤིང་ཏོག་ཅིག་ཡིན་པ་དང་།  བྲོ་བ་མངར་སྐྱུར་ལྡན་ལ་ད་དུང་ཟས་འཇུ་བདེ་རུ་དང་གདོང་གཤིས་ཡག་ཏུ་འགྲོ་བའི་ཕན་ནུས་ཀྱང་ལྡན་ཡོད།  ཟ་མ་བཟས་ཚར་རྗེས་ལི་ཙི་ཁ་ཤས་ཤིག་བཟས་ན་ཕོ་བ་དང་རྒྱུ་མའི་ནུར་འགུལ་འཕེལ་ནས་ཕོ་བའི་ཆུ་སྐྱུར་ཟགས་ཐོན་བྱུང་ནས་ཟས་འཇུ་བདེ་རུ་འགྲོ་བ་ཡིན་ཡང་མང་པོ་བཟའ་རྒྱུ་མེད།  ཟས་དྲགས་ན་གྲོད་པར་ཟུག་རྒྱག་པ་དང་བཤལ་བའི་སྣང་ཚུལ་ཐོན་གྱི་ཡོད།

    ༤. ཤིང་ཏོག་ལི་ཀྲི  རི་བོ་ཝུའུ་ལིང་གི་ལྷོ་རྒྱུད་ནས་ཐོན་པའི་ཤིང་ཏོག་དེ་ནི་དབྱར་དུས་སྨིན་གྱི་ཡོད་པ་དང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཡོད།  རོ་བཅུད་ཆེ་བའི་ཤིང་འབྲས་དེ་མང་པོ་བཟའ་རྒྱུ་མེད་ཅིང་བཟས་དྲགས་ན་ཚ་དྲོད་རྒྱས་ཀྱི་ཡོད།

    ༥. ཧ་སྨི་ཀྭ  དེ་ནི་ཤིན་ཅང་ནས་ཐོན་པའི་དབྱར་དུས་ཀྱི་ཤིང་ཏོག་ཅིག་ཡིན་པ་དང་།  བྲོ་བ་མངར་བསིལ་རྒྱག་གི་ཡོད་ཀྱང་ཟས་དྲགས་ན་ཕོ་མཆེར་ལ་རྨས་སྐྱོན་ཕོག་གི་ཡོད།།