ཨ་རོགས་ཚོ། ཡང་སིལ་ཏོག་ཚེར་ལུ་ཟ་བའི་དུས་སུ་སླེབས་འདུག

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2021-08-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཉིན་འདི་དག སེམས་ཀྱི་ཉི་ཟླའི་ཞིང་ཟོག་ཁྲོམ་རར་ས་གནས་རང་གི་ཡུལ་སིལ་དེ་རྒུན་འབྲུམ་དང་ཞི་ཀྭ།ཧའོ་ལུང་ཤིང་ཏོག ཁ་སུར་དམར་པོ། སིལ་ལི་སོགས་གཅིག་རྗེས་གཉིས་མཐུད་དུ་ཁྲོམ་རར་ཐོན་འདུག འདིའི་ཁྲོད་དུ་རྒྱ་ཆེའི་ཡུལ་མི་རྣམས་ཀྱི་དགའ་བསུ་ཐོབ་པའི་སིལ་ཏོག་ནི་སིལ་ཏོག་ཚེར་ལུ་ཡིན་པ་རེད།

    སིལ་ཏོག་ཚེར་ལུ་ནི་དབང་པོའི་ལག་པ་སྟེང་ཐོག་བཞིན་ཡོད། གཙོ་བོ་བདེ་ཆེན་གྱི་ཀོང་རྩེད་ར་དང་སེམས་ཀྱི་ཉི་ཟླའི་ཉི་ཤར་སོགས་འབྲི་ཆུའི་འགྲམ་རྒྱུད་དུ་སྐྱེས་ཡོད་ལ། གྲོང་མི་ཚོས་དབྱར་ཟླ་དྲུག་པ་ནས་སིལ་ཏོག་འཐུས་ཏེ་ཁྲོམ་རའི་ཐོག་བཙོང་བཞིན་ཡོད་པས།སིལ་ཏོག་ཚེར་ལུ་ཡང་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གྲས་ཤིག་ཏུ་འགྱུར་ཡོད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།སིལ་ཏོག་ཚེར་ལུ་ལ་ཕུན་སུམ་ཚོགས་པའི་ཚད་ཉུང་མ་རྒྱུ་དང་སྤྲི་དཀར་རྫས།ཨན་རྨང་སྐྱུར།འཚོ་རྒྱུ་རིགས་སྣ་མང་འདུས་ཡོད་པས།དབུགས་ཀྱི་རྒྱུ་བ་དང་ཁྲག་གི་འཁོར་རྒྱུགས།རླན་སེལ་ཚ་བ་འཇོམས་པ་སོགས་ཀྱི་ནུས་པ་ལྡན་ཡོད་པ་རེད།