བལ་འཐག་མཚོའི་སྐྱེ་ཁམས་དཔེ་མཛོད་ཁང་ཕྱི་ཕྱོཊ་སུ་སྒོ་འབྱེད་ཉེར་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་གླིང་ནང་གི་བལ་འཐག་མཚོ་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་གི་དུས་ཐེངས་དང་པོའི་རྣམ་གྲངས་གཞི་རྩའི་ཐོག་ནས་ལེགས་སྒྲུབ་ཟིན་པ་དང་།སྒྲོམ་སྟེང་དུ་དཔེ་དེབ་ཁྱོན་2000ཉར་ཚགས་བྱས་ཡོད་ལ།ཧུར་བརྩོན་གྱིས་རི་བོ་དང་།ཆུ།ནགས་ཚལ།རྩྭ་ཐང་སོགས་ཀྱི་འགྲེམས་སྟོན་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་ཕྱི་ཕྱོགས་ལ་སྒོ་འབྱེད་གྲབས་ཡོད་པ་རེད།

        བལ་འཐག་མཚོ་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་ནི་སློབ་གསོའི་རྣམ་པ་གསར་གཏོད་བྱས་ནས། སྐྱེ་ཁམས་སློབ་གསོའི་བརྗོད་དོན་གཙོ་བོར་བྱེད་པ་དང་། བོད་ཀྱི་རིག་གནས་དང་། རང་བྱུང་ཐོན་ཁུངས། ས་མཐོའི་སྤང་ལྗོངས་སོགས་ཁྱད་ལྡན་གཞི་རྒྱུ་བསྡུ་སྒྲིལ་བྱས་ནས། དཔེ་ཀློག་དང་། སྤྲོ་གསེང་། སྐྱེ་ཁམས་སློབ་གསོའི་ཉམས་ལེན་སོགས་འབྲེལ་ཡོད་ནུས་པ་མཉམ་འདྲེས་བྱེད་དེ་བཏོད་པའི་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་དཔེ་མཛོད་ཁང་དང་པོ་དེ་ཡིན་ལ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན།
        དཔེ་མཛོད་ཁང་འདི་ཉིད་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྤྱིར་བཏང་ཚོད་འཛིན་ཁུལ་དུ་གནས་ཤིང་། ཁོར་ཡུག་བསྐྲུན་རྒྱུའི་ཐད་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་རི་དང་། ཆུ། ནགས་ཚལ། རྩྭ། མཚེའུ་སོགས་ཀྱི་གཞི་རྒྱུ་འདྲེས་པར་བྱས། ནང་དོན་ཐད་བོད་ཀྱི་རིག་གནས་ལས་སྣོད་བཅུད་རིག་གནས་དང་དེ་བཞིན་སྐྱེ་ཁམས་ཤེས་དཔལ་སློབ་གསོ་ལྟེ་བར་བྱེད་པའི་རྒྱལ་ནང་གི་སྐྱེ་ཁམས་ཤེས་དཔལ་ཁྱབ་ཁོངས་ཀྱི་དཔེ་དེབ་སྣ་ཚོགས་བསྡུ་རུབ་བྱས་ཡོད། འགྲེམས་སྟོན་གྱི་ཞིབ་ཕྲའི་ནང་དོན་ཐོག་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་རིག་གནས་དང་ས་གཤིས་ས་དབྱིབས་ཀྱི་མཛེས་ལྗོངས་སོགས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ལྡན་གཞི་རྒྱུ་བཀོད་སྒྲིག་བྱས་ཏེ་པོ་ཏ་མཚོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་པར་བྱས་པ་རེད།

        དཔེ་མཛོད་ཁང་དུ་སྐྱེ་ཁམས་དཔེ་ཀློག་དང་། སྐྱེ་ཁམས་སྤྲོ་གསེང་། སྐྱེ་ཁམས་བགྲོ་གླེང་། སྐྱེ་ཁམས་ཉམས་ལེན་སོགས་བྱེད་ནུས་ཁུལ་གཙོ་བོར་བཀོད་སྒྲིག་བྱས་ནས་སྤྱི་དམངས་ལ་དཔེ་ཀློག་དང་། སྐྱེ་ཁམས་འགྲེམས་སྟོན། ཚན་རིག་འཚོལ་ཞིབ། གླེང་སྟེགས་གཉེར་བ། དཔེ་དེབ་ལྟ་བ་དང་ལོངས་སྤྱོད་ཚོགས་འདུ་སོགས་སྐྱེ་ཁམས་སློབ་གསོའི་ནང་དོན་མཁོ་འདོན་བྱས་པ་དང་། གོམ་སྟབས་རྗེས་མར་མྱོང་རོལ་རྣམ་གྲངས་ནང་འོས་འཚམ་ཞུགས་ནས་སྤྱི་དམངས་ཀྱི་བྱིས་པའི་སྤྲོ་སྣང་དང་། སྒྱུ་རྩལ་འདུ་ཤེས། ཚན་རྩལ་འདུ་ཤེས། བདེ་སྐྱིད་ཚོར་སེམས་བཅས་གང་ལེགས་སྐོང་རྒྱུ་ཡིན་པ་རེད།

        བལ་འཐག་མཚོ་སྐྱེ་ཁམས་སློབ་གསོའི་དཔེ་མཛོད་ཁང་བསྐྲུན་རྗེས་སྤྱི་དམངས་ཀྱིས་རང་བྱུང་ཁམས་དང་ཉེ་བཅར་དང་། རང་བྱུང་ཁམས་ཉམས་ལེན།རང་བྱུང་ཁམས་ཤེས་རྟོགས། རང་བྱུང་ཁམས་ལ་སློབ་སྦྱོང་བཅས་བྱེད་པའི་སྐྱེ་ཁམས་སློབ་གསོའི་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དང་། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཤེས་དཔལ་སློབ་གསོའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སློབ་གསོའི་ནུས་པ་མ་ལག་ཧུར་ཐག་འཛུགས་པ་དང་།རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།