སེམས་ཀྱི་ཉི་ཟླའི་བོད་ཀྱི་ཁྱད་ལྡན་ཅོག་ཙེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བོད་མི་དམངས་ཀྱི་དུས་རྒྱུན་འཚོ་བའི་ཁྲོད་བཟོ་དབྱིབས་མི་འདྲ་བ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཤིང་བཟོས་ཐོན་རྫས་སྣ་ཚོགས་ཡོད་ལ།  རྒྱུན་མཐོང་བ་ནི་ཕོར་ར།  ཤིང་ཕོར། མར་སྒམ། འོ་མདོང་། ཇ་མདོང་། ཆ་སྒམ། ཅོག་ཙེ་སོགས་ཡོད།  ཅོག་ཙེ་བཟོ་སྐབས་རྒྱུན་དུ་སྟར་ག་ཤིང་ངམ་ཤུག་པ།  ཙན་དན་ཤིང་སོགས་ཀྱི་ཤིང་རིགས་དགོས་པ་རེད།

        སེམས་ཀྱི་ཉི་ཟླའི་བོད་ཀྱི་ཁྱད་ལྡན་ཅོག་ཙེའི་རྒྱན་སྤྲས་བྱེད་ཐབས་གཙོ་བོ་ནི་ཚོན་རིས་བྱུག་པ་དང་བརྐོས་རྒྱག་པ་གཉིས་ཡིན་ལ།  ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཏེ་མེ་ཏོག་དང་བྱ་དང་རི་དྭགས་ཀྱི་རི་མོ་སོགས་ཡོད།  དེའི་ཁྲོད་ཨུཏྤལ་སྔོན་པོ་དང་བྱང་ཆུབ་ཀྱི་ལོ་མ།  པད་མ། རྒྱལ་སྲིད་སྣ་བདུན།  བཀྲ་ཤིས་རྟགས་བརྒྱད་སོགས་ནི་སྲོལ་རྒྱུན་གྱི་བརྗོད་གཞི་ཡིན་པ་རེད།

        སེམས་ཀྱི་ཉི་ཟླའི་བོད་ཀྱི་ཁྱད་ལྡན་ཅོག་ཙེ་ནི་སྔར་ཡིན་ན་དགོན་པའམ་འབྱོར་ཕྱུག་ཁྱིམ་ཚང་ལས་མེད་པ་དང་།  ད་ལྟ་ཡིན་ན་ཁྱིམ་ཚང་ཚང་མར་མང་ན་བཅུ་ལྷག་དང་ཉུང་ན་གཉིས་གསུམ་ཡོད།  ཅོག་ཙེ་དེ་ནི་བོད་མའི་དུད་ཁྱིམ་ནང་གི་རྒྱན་ཆ་ཁོ་ན་མ་ཡིན་པར་ཚོན་མདངས་རྣམ་པར་བཀྲ་བའི་རིག་གནས་མཚོན་རྟགས་དེ་བས་ཀྱང་ཡིན། སེམས་ཀྱི་ཉི་ཟླའི་བོད་ཀྱི་ཁྱད་ལྡན་ཅོག་ཙེ་ལ་རྒྱུ་ཆ་མི་འདྲ་བ་དང་བཟོ་རྩལ་མི་འདྲ་བ།  ཆེ་ཆུང་མི་འདྲ་བ་སོགས་ལ་གཞིགས་ན་དེའི་རིན་གོང་ཡང་སྒོར་མོ་བརྒྱ་ཕྲག་ཁ་ཤས་ནས་སྒོར་མོ་ཁྲི་ཕྲག་ཁ་ཤས་བར་མི་འདྲ་བ་ཡོད།

        སེམས་ཀྱི་ཉི་ཟླའི་བོད་ཀྱི་ཁྱད་ལྡན་ཅོག་ཙེ་ནི་རྒྱུན་དུ་ཟས་ཟ་བ་དང་ཅ་ལག་བཞག་པ་སོགས་སྤྱོད་སྒོ་མང་པོ་ཡོད་ལ།  ཁྱིམ་ནང་སྟོན་མོ་རྒྱག་སྐབས་གྲལ་སྒྲིག་པ་ནི་ཅོག་ཙེ་དེ་རིགས་ཀྱི་སྤྱོད་སྒོ་ཆེས་ཤོས་ཡིན།