སྒྲོན་པེའི་རྐྱང་གཞས་གསར་པ། ༼ ཕ་སྐད་བསྟོད་གླུ ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-13   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།



ཚིག       སངས་ནོར།

དབྱངས།     སངས་ནོར།

གཞས་མ།       སྒྲོན་པེ།

༡ གངས་ལྗོངས་ཁ་བའི་ཡུལ་ལ།  ཐོན་མི་སམ་བྷོ་ཊ་འཁྲུངས།

ཤེས་རིག་སྒྲོན་མེ་བསྣམས་ནས། མུན་པའི་གནས་ལས་ཐར་སོང་། 


༢ བོད་འབངས་ཡོན་ཏན་སྦྱངས་ནས། རིག་གནས་སྐར་རྩིས་དར་སོང་།

ངོ་མཚར་སྟོང་གི་ལོ་རྒྱུས། ཉི་ཟླ་བཞིན་དུ་གསལ་ཡོང་།  ཨ་ལ་་་་་


༣ མི་རིགས་མི་རིགས་ཞེས་པ།སྐད་དང་ཡི་གེར་ཐུག་ཡོད།

བོད་ཀྱི་སྐད་དང་ཡི་གེ དགོས་འདོད་དཔག་བསམ་འཁྲི་ཤིང་།


 ༤ ཕ་བཟང་དམ་པའི་བུ་ཆུང་། ཕ་སྐད་བཤད་རོགས་གནོངས་དང་།

མ་བཟང་སྐྱེས་པའི་བུ་མོ། མ་ཡིག་སྦྱང་རོགས་གནོངས་དང་།