ཡུན་ནན་ཞིང་ཆེན་དུ་ཕྱི་ནས་མཆེད་པའི་ནད་པ11ཇེ་མང་དུ་སོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-12   རྩོམ་ཁུངས།    མི་དམངས་དྲ་བ།

        ཡུན་ནན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བརྡ་སྦྱོར་སྤེལ་བར་གཞིགས་ན། ཟླ8པའི་ཚེས9ཉིན་གྱི་ཆུ་ཚོད0ནས24བར་དུ། ཡུན་ནན་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ས་གནས་རང་གི་ནད་རྟགས་ཐག་བཅད་པའི་ནད་པ་དང་ནད་རྟགས་མེད་པའི་ནད་པ་གསར་སྣོན་བྱུང་མེད་ལ། ཕྱི་རྒྱལ་ནས་མཆེད་པའི་ནད་རྟགས་ཐག་བཅད་པའི་ནད་པ11དང་ནད་རྟགས་མེད་པའི་ནད་པ3གསར་སྣོན་བྱུང་ཡོད། སྨན་བཅོས་བྱས་ཏེ་སྨན་ཁང་ལས་བུད་པའི་ནད་པ15(རང་སའི་ནད་པ6དང་ཕྱི་ནས་མཆེད་པའི་ནད་པ9)དང་ནད་རྟགས་མེད་པའི་ནད་པ་གསོ་རིག་ལོགས་བཀར་ལྟ་ཞིབ་ལས་གྲོལ་བ་མི3(ཕྱི་ནས་མཆེད་པའི་ནད་པ)ཡོད། ཟླ8པའི་ཚེས9ཉིན་གྱི་ཆུ་ཚོད24བར་དུ། ཡུན་ནན་ཞིང་ཆེན་དུ་ནད་རྟགས་ཐག་བཅད་པའི་ནད་པ365(རང་སའི་ནད་པ51དང་ཕྱི་རྒྱལ་ནས་མཆེད་པའི་ནད་པ314)དང་། ནད་རྟགས་མེད་པའི་ནད་པ29(རང་སའི་ནད་པ1དང་ཕྱི་རྒྱལ་ནས་མཆེད་པའི་ནད་པ28)ཡོད་པ་དང་། ཚང་མ་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་སུ་ལོགས་བཀར་སྨན་བཅོས་དང་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།  །