བདེ་ཆེན་ཁུལ་གྱིས་ཁྲིམས་ལྟར་བོད་སྐྱོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་བའི་ལོ་འགར། བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་པ་ཞེས་པའི་འཐབ་ཇུས་བསམ་བློ་དང་།   ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར།ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ།རྨང་གཞི་བརྟན་གཏོང་བཅས་ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པ། ཁྲིམས་སྐྱོང་འཛུགས་སྐྱོང་དང་དུས་བདེ་འཛུགས་སྐྱོང་བྱ་རྒྱུ་དེ་ཁུལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཁྱོན་ཡོངས་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས།ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་བདེ་ཆེན་དང་དུས་བདེའི་བདེ་ཆེན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཁྲིམས་ལྟར་བོད་སྐྱོང་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པ་རེད། 

    ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཆུ་ཚད་དང་ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། སྔ་རྗེས་སུ《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་པད་མ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲོལ་ཡིག》དང《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གསོ་རིག་སྲོལ་ཡིག》སོགས་མི་རིགས་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ། གཞུང་དྲང་ཚུལ་མཐུན་གྱི་ཁྲིམས་བསྟར་ནན་པོ་དང་ཚད་ལྡན་དུ་གཏོང་བ་དང་།ཁུལ་ཡོངས་ཀྱི་སྲིད་འཛིན་ཁྲིམས་བསྟར་གྱི་བྱེད་པོའི་ཐོབ་ཐང་སྤྱི་བསྒྲགས་ལས་དོན་གྱི་ལྟ་སྐུལ་དང་སྙན་སེང་ཐོ་འགོད་ལས་དོན་161ལེགས་སྒྲུབ་བྱས་པ། ཁུལ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ཞུ་ལན་གྱོད་གཞི་52ནང་ཞུགས་ནས་སྲིད་གཞུང་གི་ལག་བསྟར་ནུས་པ་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་སྲིད་འཛིན་བསྐྱར་གྲོས་གཞུང་དྲང་དང་།ལས་ཕྱོད་ཆེ་བ།དམངས་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་ལམ་ལུགས་ལེགས་ཆ་དང་སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པ་རེད། 

    བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས་སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་བདེ་ཆེན་དང་དུས་བདེ་བདེ་ཆེན་འཛུགས་སྐྲུན་གྱི་རྨང་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་ཞེས་པའི་རྩ་དོན་ལྟར།“བཅའ་ཁྲིམས་བདུན་ལ་སྐུལ་སྤེལ་གཏོང་བའི་”བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། སྤྱི་ཚོགས་ཡོངས་དང་རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་དོན་དག་ཐུག་ཚེ་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་པར་ཁྲིམས་སྤྱོད་པ།འགལ་བ་འདུམ་སེལ་བྱེད་པར་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་རྣམ་པ་བཟང་པོ་གཞི་རྩའི་ཆ་ནས་ཆགས་ཡོད། 

    ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། བདེ་ཆེན་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་ཚད་བརྒལ་གསར་པ་བྱུང་ནས་བདེ་ཆེན་ཁུལ་གྱི་ལོ་13བསྟུད་མར“དོན་ཆེན་མ་བྱུང་བ་དང་དོན་ཆུང་ཡང་བྱུང་མེད་པར”འགན་ལེན་ཐུབ་སྟེ་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་དང་རྫོང་གི་འཕེལ་རྒྱས་དང་བརྟན་ལྷིང་གི་དར་ཆ་ཞིག་ཏུ་གྱུར་ཡོད། གྱོད་གཞིའི་བརྒྱུད་རིམ་དེ་སྔའི་འདྲི་གཅོད་དང་ལག་བསྟར་བྱེད་པ་ནས་འཕྲལ་སྡོམ་དང་འདྲི་གཅོད་ལོགས་འཛུགས།ཞིབ་བཤེར་དང་ལག་བསྟར་ལོགས་འཛུགས།ཞིབ་བཤེར་དང་ལྟ་སྐུལ་ལོགས་སུ་འབྱེད་པ་བཅས་ལྷུ་ཚིགས་གསུམ་ལ་འཕེལ་རྒྱས་བྱུང་ནས་གྱོད་གཞི་གསར་དུ་རྩིས་ལེན་བྱས་པའི་གྲངས་འབོར་དེ་སྔ་ལས་ལྡབ་10ལྷག་ཙམ་མང་དུ་ཕྱིན་ཡོད། 

    སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས་དུས་བདེའི་བདེ་ཆེན་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། དུས་བདེའི་བདེ་ཆེན་འཛུགས་སྐྲུན་གྱི་འགོ་ཁྲིད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ནག་ཚོགས་གཙང་སེལ་འཐབ་རྩོད་ཀྱི་མཇུག་བསྡུའི་འཐབ་རྩོད་ལེགས་འགྲུབ་བྱས་པ་མ་ཟད།ནག་ཚོགས་གཙང་སེལ་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཧུར་ཐག་བཏང་ནས།ནག་ཚོགས་གཙང་སེལ་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།  གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་དང་།སྤྱི་ཚོགས་བཅོས་སྐྱོང་གི་མ་དཔེ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་དུས་བདེ་འཛུགས་སྐྱོང་གི་ཕན་འབྲས་དངོས་ཆེ་རུ་བཏང་བ་རེད། 

    དམངས་ལ་ཞབས་འདེགས་ཞུ་བའི་ཁྲིད་ཕྱོགས་ལ་དོ་སྣང་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་བ། 2020ལོར་བདེ་ཆེན་ཁུལ་གྱི་མང་ཚོགས་ཀྱི་བདེ་འཇགས་བློ་ཡིད་ཚིམ་ཚད་བརྟག་དཔྱད་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་བློ་ཡིད་ཚིམ་ཚད་ཨང་ལྔ་པར་སླེབས་པ་དེ་ཐོག་ནས་ཁུལ་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ལས་ཀའི་ཕན་འབྲས་གང་ལེགས་མཚོན་པ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་མཚོན་ཡོད་པ་རེད།