བདེ་ཆེན་བོད་སྨན་གྱི་རུས་རྨ་བཅོས་ཐབས།༼ཁག་དང་པོ།༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        རྡོ་ཆས་གསར་པའི་དུས་སྐབས་ནས་བཟུང་བོད་ཀྱི་མེས་པོ་བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་ཁྱབ་ཡོད་ལ། རང་བྱུང་ཁམས་དང་དེ་བཞིན་ནད་ཡམས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ནང་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གདོད་མའི་གསོ་ཐབས་“བོན་ལུགས་གསོ་ཐབས་”རིམ་བཞིན་བྱུང་རེད།

    གསོ་རིག་རྒྱུད་བཞིའི་སྨན་ཐང་། 

        བོད་ལུགས་གསོ་རིག་བདེ་ཆེན་དུ་ཡོད།

        སྤྱི་ལོའི་དུས་རབས་7པ་ནས་བདེ་ཆེན་དུ་བོད་ལུགས་གསོ་རིག་དར་རྗེས་བོད་ལུགས་གསོ་རིག་དེ་རིམ་བཞིན་ས་གནས་དེ་གའི་བོན་ལུགས་གསོ་ཐབས་དང་མཉམ་འདྲེས་བྱུང་ལ། དེས་བདེ་ཆེན་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་མ་ལག་རྒྱུན་འཛིན་བྱས་ཤིང་། རང་ས་རང་གི་ཁྱད་ཆོས་ཀྱང་ལྡན་པའི་གསོ་རིག་སྨན་བཅོས་རིག་གནས་ཤིག་ཆགས་ཐུབ་བྱས།

        བདེ་ཆེན་ཁུལ་བོད་སྨན་ཁང་གི་བོད་ཀྱི་སྨན་དང་སྨན་བཅོས་(རུས་རྨ་བཅོས་ཐབས་)ཁྲིད་སྦྱོང་ལྟེ་གནས།2018ལོར་བསྐྲུན་ཞིང་།  དེར་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་སོགས་ཀྱི་ནང་དོན་ཚུད་ཡོད་དེ། བདེ་ཆེན་བོད་ལུགས་གསོ་རིག་གི་གྲོས་འགོ་འདོན་མཁན་བྱང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་བདེ་ཆེན་བོད་སྨན་ཁང་གི་ལས་འབྲེལ་དང་འཕེལ་རྒྱས་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད།




བདེ་ཆེན་ཁུལ་བོད་སྨན་ཁང་གི་བོད་ཀྱི་སྨན་དང་སྨན་བཅོས་(རུས་རྨ་བཅོས་ཐབས་)ཁྲིད་སྦྱོང་ལྟེ་གནས།

        བདེ་ཆེན་བོད་ལུགས་གསོ་རིག་ལོ་རྒྱུས།

        འབྲེལ་ཡོད་ཚད་ལྡན་ཡིག་ཆའི་ནང་འཁོད་པར་གཞིགས་ན་སྤྱི་ལོའི་དུས་རབས་7ནས་དུས་རབས་8པའི་དུས་དཀྱིལ་བར་བདེ་ཆེན་དུ་“གསོ་རིག་གསང་སྔགས་”དར་ཁྱབ་བྱུང་ཡོད་ལ། མིང་གོ་དུས་སྐབས་རྒྱལ་ཐང་རྫོང་གཏེར་མ་རོང་ཡོན་ཏན་དགོན་གྱི་བླ་མ་བྱང་ཚུལ་ཁྲིམས་རྒྱ་མཚོས་དགོན་པའི་ནང་སྨན་པ་གྲྭ་ཚང་བཙུགས་མ་ཟད། གསོ་རིག་སྨན་གྱི་བདུད་རྩི་ཞེས་པ་སོགས་བོད་ཡིག་གི་གསོ་རིག་དཔེ་དེབ་བཅུ་ལྷག་བརྩམས་པ་རེད། རྒྱལ་ཁབ་དབུ་བརྙེས་རྗེས་རྒྱལ་ཁབ་ཀྱིས་བདེ་ཆེན་བོད་ལུགས་གསོ་རིག་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་།1980ལོར་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་བོད་ལུགས་གསོ་རིག་ཚན་ཁག་བཙུགས་ལ། 1987ལོའི་ཟླ་7པར་བདེ་ཆེན་ཁུལ་སྨན་རྩིས་ཁང་བཙུགས།1989ལོར་སྨན་རྩིས་ཁང་གི་བོད་སྨན་ལྟེ་གནས་ཀྱི་སྨན་བཟོ་ཁང་བཙུགས་པ་རེད།



ཡོན་ཏན་དགོན།

        བོད་ལུགས་གསོ་རིག་གཞུང་ལུགས། 

        བོད་ལུགས་གསོ་རིག་གིས་ནད་དེ་ཚ་ནད་དང་གྲང་ནད་རིགས་ཆེན་པོ་གཉིས་སུ་དབྱེ་ཡོད་པ་དང་དེའི་བརྟག་དཔྱད་བྱེད་ཐབས་ཀྱང་ལྟ་ཉན་འདྲི་གཅོད་བྱེད་པ་དང་། ལྷག་པར་དུ་ལྕེ་དྲེག་དང་ཞོགས་པའི་གཅིན་པའི་འགྱུར་ལྡོག་ལ་མཐོང་ཆེན་བྱེད་ཀྱི་ཡོད། སྨན་རྫས་སྨན་བཅོས་ལ་ནང་ཁུལ་གྱི་སྨན་བཅོས་དང་ཕྱི་བཅོས་རིགས་གཉིས་ཡོད་དེ། འཐུང་བའི་སྨན་དེ་ཚ་བའི་ནད་ལ་བསིལ་གྱིས་བཅོས། གྲང་བའི་ནད་ལ་དྲོད་ཀྱིས་བཅོས་ཞེས་པའི་རྩ་དོན་ལག་བསྟར་བྱེད་བཞིན་ཡོད། ཕྱི་བཅོས་བྱེད་པར་ཁྲག་གཏོང་བ། ལྕགས་ཀྲིན་འབལ་བ། མར་དྲོན་པོས་ཁྲག་གཅོད་པ། ནས་ཆང་ཕྱི་ནས་སྦྱར་བའི་རྨས་སྐྱོན་ཕོག་པ་སོགས་སྨན་བཅོས་བྱེད་ཐབས་ཡོད།

སྨན་ཐང་།

        བྱང་ཚུལ་ཁྲིམས་རྒྱ་མཚོ། 

        བྱང་ཚུལ་ཁྲིམས་རྒྱ་མཚོ། བོད་རིགས།1924ལོའི་ཟླ་7་པར་སེམས་ཀྱི་ཉི་ཟླ་་གྲོང་ཁྱེར་དུ་འཁྲུངས། 1987ལོར་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སྨན་རྩིས་ཁང་བཙུགས་ནས་ཡོན་ཀྲང་དང་པོ་དང་། བོད་ལུགས་གསོ་རིག་གི་སྨན་རམས་པའི་འགན་ཁུར། ཁོང་དང་མི་མི་གཞན་མཉམ་འབྲེལ་བྱས་ནས་བརྩམས་པའི་གསོ་རིགས་སྨན་གྱི་བདུས་རྩི་དང་བདེ་ཆེན་བོད་སྨན་ཞེས་པའི་བོད་ལུགས་གསོ་རིག་གི་སྨན་གཞུང་ལ་གསོ་རིག་གི་ཐད་རིན་ཐང་ཆེན་པོ་ལྡན། དེ་མིན་ཁོང་གཉིད་གྱིས་གཙོ་སྐྱོང་གནང་ནས་བཙོ་སྦྱོང་བྱས་པའི་བོད་སྨན་སྣ་ཁ་56ཡོད་ལ། དེའི་ནང་བྱི་དམར་ཉེར་ལྔ་དང་མུ་ཏིག་བདུན་བཅུ་སོགས་རྩ་ཆེའི་བོད་སྨན་སྣ་ཁ་10ཡོད་དེ། དེས་བདེ་ཆེན་བོད་སྨན་གྱི་སྤྱོད་སྨན་ས་ཆ་གཞན་ལ་བརྟེན་ནས་མཁོ་འདོན་བྱེད་པའི་གཞན་དབང་གི་རྣམ་པར་འགྱུར་ལྡོག་བྱུང་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་ལེགས་སྐྱེས་བླ་ན་མེད་ཕུལ་ཡོད།1988་ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་བྱང་ཚུལ་ཁྲིམས་རྒྱ་མཚོ་ལ་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དཔལ་ཡོན་སྔོན་ཐོན་ལས་སྒྲུབ་པའི་མཚན་སྙན་གནང་ཞིང་། 1991ལོར་ཡུན་ནན་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཀྲུང་ལུགས་གསོ་རིག་སྨན་པ་རྒན་གྲས་གྲགས་ཅན་བཅུའི་གྲས་སུ་བདམས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་ཀྲུང་གོའི་ཚན་རྩལ་མི་སྣའི་བྱས་རྗེས་དམིགས་བསལ་ཅན་གྱི་བྱ་དགའ་ཐོབ་པ་རེད་།

བྱང་ཚུལ་ཁྲིམས་རྒྱ་མཚོ།


བྱང་ཚུལ་ཁྲིམས་རྒྱ་མཚོས་ནད་པའི་ནད་ལ་བརྟག་བཞིན་པ།

        བདེ་ཆེན་ཁུལ་བོད་སྨན་ཁང་།

        བདེ་ཆེན་ཁུལ་བོད་སྨན་ཁང་ནི་1987ལོར་བཙུགས་ལ། ཡུན་ནན་ཞིང་ཆེན་གྱི་ཆེད་མངགས་བོད་ལུགས་གསོ་རིག་ཞིབ་འཇུག་དང་བོད་ལུགས་གསོ་རིག་གི་ལས་སྒོ་གཉེར་བའི་མི་རིགས་སྨན་ཁང་གཅིག་པུ་ཡིན་པ་རེད། སྨན་ཁང་གིས་བོད་ལུགས་གསོ་རིག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བྱེད་ཡོད་དེ། བོད་ལུགས་གསོ་རིག་དང་ནུབ་ཕྱོགས་གསོ་རིག་སྨན་བཅོས་ཟུང་འབྲེལ་བྱེད་པའི་ལམ་བུ་སྐྱོད་ནས་ཁུལ་ཡོངས་སུ་སྨན་བཅོས་དང་ཁམས་གསོ། རིག་ཚན་ཞིབ་འཇུག སློབ་གསོ། སྨན་རྫས་ཐོན་སྐྱེད་སོགས་ཕྱོགས་བསྡུས་རང་བཞིན་གྱི་བོད་སྨན་ཁང་ཞིག་ཡིན་ལ།  སྔ་རྗེས་སུ་བདེ་ཆེན་བོད་སྨན་དང་ཡུན་ནན་བོད་ལུགས་གསོ་རིག་ཞེས་པ་སོགས་བོད་ལུགས་གསོ་རིག་གི་ཆེད་རྩོམ་མང་པོ་དཔེ་སྐྲུན་བྱས་ནས་ཕུལ་བྱུང་གི་མི་རིགས་གསོ་རིག་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དར་སྤེལ་བཏང་ཡོད་བྱས་རྗེས་བླ་མེད་བཞག་ཡོད།

བདེ་ཆེན་བོད་སྨན་ཁང་རྙིང་བ།

སྨན་པས་ནད་ལ་བརྟག་བཞི་པ།

བདེ་ཆེན་བོད་སྨན་ཁང་གསར་བ།

བརྟག་དཔྱད་ཁང་།

སྐམ་ཁབ་རྒྱག་པའི་སྨན་བཅོས་ཐབས། 


བོད་སྨན་སྣ་ཚོགས། 


སྨན་ཁང་ལ་ཐོབ་པའི་བྱ་དགའ།