ཁམས་པའི་སྒྱུ་རྩལ་དུས་ཆེན་སྟེང་གི་བདེ་ཆེན་གྱི་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་སྟེང་། བདེ་ཆེན་གྱི་ཞིང་ལས་ཐོན་རྫས་འགྲེམ་ཚོང་བྱས་ལ། དེ་མིན་བདེ་ཆེན་གྱི་གླུ་གར་འཁྲབ་སྟོན་དང་རྒྱན་གོས་འགྲེམ་སྟོན་གྱིས་གར་སྟེགས་ནས་མཛེས་ཉམས་ངོམས་ཏེ།  ཡུལ་ཤུལ་ཁུལ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པར་བདེ་ཆེན་གྱི་རྟེན་འབྲེལ་ཕུལ་ལ། དུས་མཚུངས་སུ་བདེ་ཆེན་གྱི་ཉམས་མཚར་ཡང་ངོམས་པ་རེད། 





འགྲེམ་འཚོང་སྟེང་གི་བདེ་ཆེན་གྱི་ཆེད་ལྡན་ཐོན་རྫས། 

        ཟླ་བ་8པའི་ཚེས་11ཉིན། སྐབས་བཅུ་གཉིས་པའི་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཡུན་ནན་སོགས་ཁྱིམ་མཚེས་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་འགྲེམ་འཚོང་སྟེང་དེ་ཁྲུག་དོད་པོ་ཡོད་ལ། འགྲེམ་འཚོང་སྟེང་ཤིང་ཕོར་དང་རྫ་ནག  ཀྲུང་ལུགས་སྨན་རྩྭ་སོགས་བདེ་ཆེན་ནས་ཐོན་པའི་ཞིང་ལས་ཐོན་རྗེས་ཀྱིས་མཛད་སྐྱོད་པ་མང་བོའི་ཡིད་དབང་བཀུག  ཐེངས་འདིའི་འགྲེམ་འཚོང་ལ་རང་ཁུལ་གྱི་ཁེ་ལས་4རྩ་འཛུགས་བྱས་ཡོད་ལ། ཡུལ་དངོས་ནས་རང་ཁུལ་གྱི་ཞིང་ལས་ཐོན་རྫས་གཅིག་བསྡུས་འགྲེམ་འཚོང་དང་ཚད་ལེན། བརྒྱུད་སྒྲོག་སོགས་བྱས་པ་རེད། 



འཁྲབ་སྟོན་པས་གར་སྟེགས་སྟེང་ནས་བདེ་ཆེན་གྱི་རིག་གནས་འགྲེམ་སྟོན་བྱས།

        ཟླ་བ་8པའི་ཚེས་12ཉིན།  ཡུལ་ཤུལ་གེ་སར་ཐང་ཆེན་སྤྲོ་སྐྱིད་ཀྱི་ཉམས་ཤིག་གིས་ཁེངས་ཡོད་ལ། འདི་ནས་སྐབས་བཅུ་གཉིས་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དུས་གྱི་མཇུག་སྒྲིལ་མཛད་སྒོ་དུས་ལྟར་ཚོགས་པ་རེད། རང་ཁུལ་ནས་ཐོན་པའི་མི་རིགས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་འཁྲབ་སྟོན་གྱི་ ཡུལ་ཤུལ་དང་མང་ཚོགས་དང་ཕྱོགས་སོ་སོ་ནས་ཐོན་བའི་ལྟད་མོ་བ་རྣམས་ལ་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་རིག་གནས་དང་དྲོད་ཁོལ་གྱི་བརྩེ་སེམས་ཕུལ་བ་རེད།

        རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བ་7པའི་ཚེས་29ཉིན། བདེ་ཆེན་ཁུལ་མི་རིགས་གླུ་གར་ཁང་གིས་འཁྲབ་སྟོན་པ་70ལྷག་རྩ་འཛུགས་བྱས་པའི་འཁྲབ་སྟོན་སོ་སོར་ཆེས་མཆོག་འཁྲབ་སྟོན་པའི་བྱ་དགའ་དང་ཆེས་མཆོག་གླུ་བའི་བྱ་དགའ། ཆེས་མཆོག་ཤོམ་པའི་བྱ་དགའ། ཕུལ་བྱུང་ཁྱད་ལྡན་བྱ་དགའ། ཕུལ་བྱུང་རྩ་འཛུགས་བྱ་དགའ་སོགས་བྱ་རིགས་དགུ་ཐོབ་པ་རེད།