2021ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་གྱི་མགོ་ཚུགས་མཛད་སྒོ་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-08-06   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཟླ8པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི《སྙན་ངག་དུས་དེབ》ཁང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི2021ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའམ། 1573གསེར་གཙོད་ཀྱི་སྙན་ངག་བྱ་དགའ་སྤྲོད་པའི་མཛད་སྒོ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དུ་གཉེར། རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་དང་རྩོམ་པ་པོ80ལྷག་གིས་མཉམ་དུ་སྙན་ངག་གི་རྒྱས་འཛོམས་དེ་བདེན་དཔང་བྱས།

        མཚོ་སྔོན་པོའི་སྙན་ངག་དུས་ཆེན་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞིའམ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏི་མ་ཅ་ཡིས1573གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱས་ཤིང་བྱ་དགའི་ཤིས་ཚིག་བསྒྲགས། སི་ཕེན་གྱི་སྙན་ངག་པ་ལུའུ་དབྱི་སི·ཅ་ཞིས་ཡ·མོང་ཐེ་ལུའོ་སྐབས་འདིའི་གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའི་བྱ་དགའ་ཐོབ་མཁན་ཡིན།

        མགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་སྙན་ངག་པའི་གཏམ་གླེང་ཚོགས་འདུ་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་སྙན་ངག་པ་དང་རིག་གཞུང་པ་གྲགས་ཅན་གྱིས“སྙན་ངག་ཁྲོད་ཀྱི་རང་བྱུང་དང་ཁོར་ཡུག སྐྱེ་ཁམས། མིའི་རིགས་ཀྱི་སེམས་ཁམས་བཅས་ཀྱི་གསར་གཏོད་དང་བསྐྱར་བསྐྲུན་ཏེ་རླབས་ཆེ་བའི་ཆུ་རྒྱུན་དང་རི་ཚོགས་ལ་གུས་འདུད་ཞུ”ཞེས་པའི་བརྗོད་གཞིར་དམིགས་ནས། སྙན་ངག་སྒྱུ་རྩལ་གྱི་རྣམ་པས་མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་ཀྱི་ལེགས་ཆ་གཏོད་རྒྱུ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་མངོན་ལ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་མངོན་པར་བྱས་ཡོད། སྙན་ངག་པ་ཀའོ་མིང་དང་། དབྱི་ཧྲ་པེ་ལ·ཚའེ་ཡ་ཚེ་ཁའོ་སི་ཅ། ཀའོ་ཞིང་། ཀུའུ་ཧོའུ། ཧྲུའུ་ཚའེ། མ་ཧའེ་དབྱི། ཨ་རྒྱ་བཅས་ཀྱིས་ངོ་མཚར་བའི་གཏམ་བཤད་གནང་། ཚོགས་རའི་རྣམ་པ་སྤྲོ་སེམས་རབ་ཏུ་འཁོལ་ལ་ཐལ་མོའི་རྡེབ་སྒྲས་ཁེངས།

        ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་པོའི་སྙན་ངག་དུས་ཆེན་ནི2007ལོར་མགོ་ཚུགས་པ་དང་། ད་བར་དུ་སྐབས་མང་པོ་བདེ་བླག་ངང་གཉེར་ཡོད། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ160ལྷག་དང་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ1000ལྷག་བྱ་འགུལ་དེའི་ནང་ཞུགས་ཡོད། རྔམ་བརྗིད་ལྡན་པའི“མཚོ་སྔོན་པོའི་སྙན་ངག་སྒྲོག་གཏམ”བསྒྲགས་ཤིང་། འཛམ་གླིང་གི་ས་བབ་ཆེས་མཐོ་བའི“མཚོ་སྔོན་པོའི་སྙན་ངག་ཐང་ཆེན”བསྐྲུན་ལ། མཚོ་སྔོན་པོའི་སྙན་ངག་དུས་ཆེན་གྱི“གསེར་གཙོད་སྙན་ངག་བྱ་དགའ”བཙུགས་པ་རེད། མིག་སྔར། མཚོ་སྔོན་པོའི་སྙན་ངག་དུས་ཆེན་དེ་འཛམ་གླིང་ཡོངས་སུ་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དུ་གྱུར་ཡོད།   །