ཆར་ཟིམ་ཁྲོད་ཀྱི་སེམས་ཀྱི་ཉི་ཟླའི་ཀླུ་ཆུ་སྤྱི་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    གཡུ་ལོ་ཐགས་སུ་བཏགས་པའི་སྐྱེ་དངོས་ཚོགས་ཀྱིས་ལང་ཚོའི་གཟི་བྱིན་སྤྲོ་བའི་དབྱར་གྱི་དུས་འདིར། སེམས་ཀྱི་ཉི་ཟླའི་གནམ་གཤིས་ནི་སྒྱུ་མའི་སྒྱུ་འཕྲུལ་དང་འདྲ་བར། ཉི་འོད་འཇམ་ཞིང་དྭངས་ཤིང་གསལ་བའི་གནམ་གཤིས་འདི་སྐད་གཅིག་མའི་ནང་འཛིན་མའི་ཁྱོན་ཡོངས་སུ་གནམ་ཆུ་དྭངས་མོ་གཏོར་བས་འགྱུར་ལྡོན་ཤིན་ཏུ་ཆེ། ཀླུ་ཆུ་སྤྱི་གླིང་ནང་དུ་བྱ་གག་ཚོ་དང་ཚོ་བྱས་ནས་རྩེད་འཇོར་རོལ་བཞིན་ཡོད།  སྐབས་རེར་འདམ་རྩྭའི་གསེབ་ཏུ་འཛུལ་པ་དང་།སྐབས་རེར་གློ་བུར་དུ་ཆུ་ནང་དུ་འཛུལ་ཡོང་བས་ཧ་ཅང་འཁྲུག་ཆ་དོད་པོ་འདུག

    རྒྱང་ལ་བལྟས་ཚེ། རི་སྔོ་ཞིང་ཆུ་དྭངས་བས་སྣོད་བཅུད་ཀྱི་བཀོད་པ་རྨད་དུ་བྱུང་འདུག ཉེ་བའི་ལོ་ཤས་རིང་།བདེ་ཆེན་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྣོད་བཅུད་ལ་བརྟེན་ནས་ཁུལ་འཛུགས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མེ་ཏོག་ལྡུམ་རའི་རྣམ་པའི་གྲོང་ཁྱེར་ཤུགས་ཆེན་བཏོད་ཅིང་།ཀླུ་ཆུ་སྤྱི་གླིང་དང་ཤམ་བྷ་ལ་སྤྱི་གླིང་སོགས་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། སེམས་ཀྱི་ཉི་ཟླའང་དམངས་རྣམས་སྡོད་རྒྱུར་འཚམ་པ་དང་།ཡུལ་སྐོར་ལ་འཚམ་པའི་ས་མཐོའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད་པ་རེད།