གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུཊ་ཀྱི་ཐོ་འགོད་ལག་ཁྱེར་སྤྲད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། ཟླ་7པའི་ཚེས་20ཉིན་ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ཨང་རྟགས་སྤྲོད་པའི་ཐོ་འགོད་ལག་ཁྱེར་ཐོག་མར་སྤྲོད་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་ཚམས་རྒྱབ་གྲོང་ཚོར་འཚོགས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝུ་ཏུང་དང་ཁུལ་ཨུའི་རྒྱུན་ཨུ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡེ་རུན་ཐོག་མར་སྤྲོད་པའི་མཛད་སྒོར་ཕེབས་པ་དང་འབྲེལ་ཚམས་རྒྱབ་གྲོང་ཚོའི་གྲོང་ཚོ་རིམ་པའི་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་ལ་སྒོ་བྱང་ཡང་གནང་བ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་མཉམ་ལས་ཁང་གི་འགན་འཁུར་བས་ཚམས་རྒྱབ་གྲོང་ཚོའི་གྲོང་ཚོ་རིམ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་།ཚོ་ཆུང་རིམ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་རྐང་འཛིན་འཐུས་ཚབ་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་ཐོ་འགོད་ལག་ཁྱེར་དང་།རྐང་དབང་ལག་ཁྱེར། ཐམ་ག་བཅས་སྤྲོད་ཡོད།

        ཚམས་རྒྱབ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཚམས་རྒྱབ་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་འགོ་གཙོ་ཧོ་ཡུས་ལུང་གིས་མིང་རྟགས་བཀོད་ནས་ཆོག་མཆན་ཐོབ་མ་ཐག་པའི་གྲོང་ཚོ་རིམ་པའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ཨང་རྟགས་སྤྲོད་པའི་ཐོ་འགོད་ལག་ཁྱེར་ལག་ཏུ་འཁྱེར་བ་ནས་དགའ་སྤྲོའི་བརྩེ་སེམས་བརྗོད་ཀྱིས་མི་ལང་བ་ཞིག་འགྱུར།ཁོང་གིས་བེད་མེད་དུ་བསྐྱུར་བའི་མཉམ་སྡེབ་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད་རྒྱུ་ནོར་དཔྱད་དཔོག་བྱས་པ་བརྒྱུད་མཉམ་སྡེབ་མཉམ་ལས་ཁང་བཙུགས་པ་དང་མ་རྐང་ནང་ཞུགས་པའི་མཉམ་ལས་ཁང་བཙུགས་པས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་གི་ཡོང་འབབ་ཉིན་བཞིན་མཐོ་རུ་ཕྱིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཕྱིན་པ་མ་ཟད།ད་དུང་གྲོང་མིར་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན་2019ལོའི་ཟླ་3པ་ནས་བཟུང་གོང་རིམ་སྡེ་ཚན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་བླང་བྱ་གཞིར་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྔ་ཤོག་ཤང་གིས་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་ནན་ཏན་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་རྒྱུ་ནོར་གཙང་བཤེར་དང་མ་དངུལ་ཞིབ་རྩིས་དང་།ཁོངས་མིའི་ཐོབ་ཐང་ངོས་འཛིན། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་སྐབས་བརྗེ་བ་སོགས་ཀྱི་ལས་ཀ་རིམ་བཞིན་ལེགས་འགྲུབ་བྱུང་ཡོད།ཤང་ཡོངས་སུ་གྲོང་ཚོ་རིམ་པའི་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་3བཙུགས་པ་དང་ཚོགས་ཆུང་རིམ་པའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་29བཙུགས་ཡོད། གྲོང་ཚོ་རིམ་པའི་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་གི་མ་རྐང་འཇོག་མཁན་དུད་ཚང་889བཙུགས་པ་དང་མ་རྐང་22860བཙུགས་ཡོད། ཚོགས་ཆུང་རིམ་པའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ཁོངས་མི་དུད་ཚང་889བཙུགས་པ་དང་མ་རྐང་འཇོག་མཁན་3851ཡོད། རང་མོས་ངང་མཉམ་སྡེབ་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གི་ཁོངས་མིའི་ཐོབ་ཐང་24དོར་བ་དང་འབྲེལ་ཚང་མས་རང་མོས་ངང་ཁས་ལེན་ཡི་གེ་དོར་བ་རེད།ཁོངས་མིའི་མ་རྐང་91110བཀོད་སྒྲིག་བྱས་པ་དང་།བྱས་རྗེས་མ་རྐང་126བཞག་པ། མ་རྐང་བསྡོམས་འབོར་མ་རྐང་91236ཟིན་ཡོད། ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་92་དང་ལྟ་ཞིབ་ལྷན་ཚོགས་ཀྱི་ཁོངས་མི་92་བཀོད་སྒྲིག་བྱས་ཡོད། ཐོ་འགོད་བྱས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་རྐང་དབང་ལག་ཁྱེར་གྲོང་ཚོ་རིམ་པའི་དེབ་3དང་ཚོགས་ཆུང་རིམ་པའི་དེབ་29དུད་ཚང་རིམ་པའི་དེབ་889ལེགས་གྲུབ་ཟིན་པ་རེད།

        ཐོག་མའི་འགྲེམས་སྤེལ་མཛད་སྒོའི་ཐོག་ཤང་དེའི་མང་ཚོགས་ཀྱིས་རྩ་འཛུགས་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་བ་རེད།