སྦྲ་ནག་འོག་གི་འབྲོག་པའི་སྤྱོད་ཆས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-21   རྩོམ་ཁུངས།    ཁམས་པའི་དྲ་བ།

        འབྲོག་པའི་འཚོ་བ་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་ནི་རིག་གཞུང་ལས་གུད་དུ་སྦས་འདུག   འཚོ་བའི་སྤྱོད་ཆས་མང་པོ་ཞིག་ཀྱང་དུས་རབས་གསར་བའི་ཟང་ཟིང་གི་ཡོ་ལང་ནང་དུ་འཇིག་ལ་ཉེ། འདི་ནས་འབྲོག་ཕྲུག་ཚོའི་འཚོ་བའི་ཡོ་བྱད་སྐོར་ཞིག་དགོས་དབང་གིས་ངོ་སྤྲོད་རགས་རིམ་ཞིག་མི་བྱེད་ཐབས་མེད་རེད།

图片

སྦྲ་ནག་གྲུ་བཞི།

图片

ནག་ཚང་ཆོན་ཐག་གི་ཆ་རུ།༼ནག་ཚང་གི་མཐེ་མོ།༽

图片

ཟངས་ལྡིག རག་ལྡིག མར་སྒམ། མྱེ་ར། འོ་བགྲོད། ཇ་མདོང་། གཞོང་པ། ཟོ་ལག ཤིང་ཟོམ། མདོང་མོ།

图片

ཁྱིམ་ཐབ་དང་། ཟངས་སྐྱོགས། རག་སྐྱོགས།

图片

ནོར་ནག་གི་རྩིད་པས་འཐག་སླས་བྱས་པའི་འབྲོག་པའི་སྤྱོད་ཆས་རིགས།

图片

ཁྱིམ་གྱི་དོ་ཤལ་དང་ནས་སྒྲོ། ཇ་སྒམ།

图片

ཁལ་སྒ། ཁལ་སྟན། ༼སྒ་ཆ་སྟན།༽

图片

ཆར་སྤྲིན་དང་ཉི་ཟེར་འོག་གི་འབྲོག་སྡེ།

图片

རྡོ་མཆིག

        བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  མཆིག་ལ་རྡོ་གོང་འོག་གཉིས་ཡོད་པ་གོང་མ་ལ་ཡ་ལོ་དང་། འོག་མ་ལ་མ་ལོ་ཟེར།  འཛིང་རྡོས་བཟོས་པའི་ཡོས་འཐགས་བྱེད་ཀྱི་ཡོ་བྱད་ཅིག དབྱིབས་ཟླུམ་པོ། རྡོ་གོང་འོག་གཉིས་ཀྱིས་གྲུབ་པ། རྡོ་འོག་མ་ལ་གོར་ཆུང་ཞིག་བརྐོས་ཤིང་མཐའ་ནས་ཡོ་གོར་ཅུང་ཙམ་ཡོད་པ་དང་། དཀྱིལ་དུ་ཨི་ཁུང་ཆུང་ངུ་ཞིག་དང་དེའི་ནང་དུ་མཆིག་ལྟེ་ཞེས་པ་ཤིང་གིས་ལྟེ་བ་འབུར་ཅན་ཞིག་བཅུག  མཆིག་རྡོ་གོང་མ་ཡང་དབུས་སུ་ཨི་ཁུང་ཞིག་བཟོས་ཡོད་པ་དེ་འོག་མའི་ཤིང་གི་ལྟེ་བར་བཅུག་ཅིང་ཁ་སྤྲོད་བྱ། དེའི་སྟེང་དུ་མཆིག་ལ་ཁུང་ཞེས་པ་དབྱིབས་ཟླུམ་པོའི་གོར་གོར་ཞིག་དང་དེའི་ཟུར་ནས་ཁུང་བུ་ཆུང་ཙམ་ཞིག་ཡོད་པ་དེའི་ནང་དུ་ཡོས་བླུག  མཆིག་གི་ཡ་ལོའི་ཕྱོགས་སྣེ་ཞིག་ན་མཆིག་ཡུ་ཞེས་རྡོ་ངོས་ཁུང་ཕུག་ཅིང་ཤིང་གི་ཡུ་བ་བཅུག་ཡོད་པ་དེ་ལ་བཟུང་ནས་དལ་བུས་གཡས་སུ་བསྐོར་ན་ཡོས་རྣམས་རྡོ་གཉིས་ཀྱི་བར་དུ་འཛུལ་ཞིང་འཐག་བཞིན་ཡོད་པ་རེད། དེ་ཉིད་ཆུས་བསྐོར་ན་ཆུ་འཁོར་དང་།  ལག་པས་བསྐོར་ན་རང་འཐག་དང་མཆིག་སོགས་ཟེར་ཞེས་བཀོད་འདུག

图片

བོད་མིའི་དགུན་གོས་རྩག་པ་མཐའ་ཤན་ཅན།

图片

འབྲོག་པའི་ཆར་གོས་ཤིལ་བལ་དཀར་པོ།