རྒྱལ་ཕྱིའི་ཕྱི་འགྲིམ་སློབ་མས་བོད་ལྗོངས་སུ་སྐད་ཡིག་སློབ་ཚན་ལ་ཉན་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-07-21   རྩོམ་ཁུངས།    མི་དམངས་དྲ་བ།

         ཟླ་7ཚེས་15ཉིན། རྒྱལ་ཁབ་མི་འདྲ་བ་ནས་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་བའི་ཕྱི་འགྲིམ་སློབ་མ་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དྭངས་པ་སློབ་ཆུང་དུ་སྐད་ཡིག་སློབ་ཚན་ལ་ཉན་པ་དང་། བོད་ཡིག་ཡིག་གཟུགས་སྦྱངས་པ་མ་ཟད། སློབ་ཁང་དུ་ཕན་ཚུན་བར་སོ་སོའི་ཕ་སྐད་ལམ་ནས་འཚམས་འདྲི་བྱེད་སྟངས་བསླབས་ཏེ་སློབ་ཁང་དུ་དགའ་སྤྲོའི་འཛུམ་མདངས་དང་ཐལ་མོའི་རྡེབ་སྒྲས་ཁེངས། སློབ་ར་དང་གྱེས་ནས་འགྲོ་ཁར། ཕྱི་འགྲིམ་སློབ་མ་ཚོས་སློབ་མ་རྣམས་ལ་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ནས། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་པ་བྱེད་དགོས་ཚུལ་གྱི་རེ་སྐུལ་བྱས།